སྲིད་པ་ས་ཆགས་ནས་གཏམ་དར།། བ་སོ་ཁ་སྐྱེས་ནས་གཏམ་བཤད།།

ཚོགས་རའི་ཡུལ་དངོས།

中国电信“天翼杯”第三届藏族谚语演说邀请赛上广州大学人权研究院、中南大学法学院谢晖教授亲临现场提词:“传承民族传统文化 汇聚中华法治精神”

མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད། ཀྲུང་ཧྭའི་ཁྲིམས་སྐྱོང་དགོངས་དོན་གཅིག་ཏུ་བསྡུ།

མཚོ་བོད་ས་མཐོའི་གཏམ་དཔེའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྐད་ཆ་སྙན་ལ་ནང་དོན་ཕུན་སུམ་ཚོགས་པ་དང་གཏན་ཚིགས་ཞིབ་ཚགས་ལྡན་པས་མཚན་ཉིད་རིག་པ་དང་། སློབ་གསོའི་རང་བཞིན། ཚད་ལྡན་རང་བཞིན། སྣེ་ཁྲིད་རང་བཞིན། དྲང་བདེན་རང་བཞིན་སོགས་རིན་ཐང་དང་ནུས་པ་ཧ་ཅང་ཆེན་པོ་ལྡན། བོད་ཀྱི་གཏམ་དཔེའི་རིག་གནས་ཀྱིས་སྐད་བརྡ་རིག་པ་དང་། དམངས་སྲོལ་རིག་པ། མི་རིགས་རིག་པ། མིའི་རིགས་རིག་པ། ཁྲིམས་རིག་པ། ལོ་རྒྱུས་རིག་པ། ས་ཁམས་རིག་གནས་རིག་པ་བཅས་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ཐད་ལ་ཚོད་དཔག་བྱེད་ཐབས་བྲལ་བའི་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།

——ལུང་ཡུན་འཆིང་།

བོད་ཀྱི་གཏམ་དཔེ་ནི་ལོ་རྒྱུས་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་རང་རེའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས། ཕུལ་བྱུང་གི་རིག་གནས་སྒྱུ་རྩལ་འདི་རྒྱུན་འཛིན་སྲུང་སྐྱོབ་དང་གསར་གཏོད་དར་རྒྱས་སུ་གཏོང་བར་ཀུན་གྱིས་འབད་པར་རིགས་སོ།

—— འབའ་སྟོད་པདྨ་དབང་རྒྱལ།

ཚིག་ཤིན་ཏུ་རིང་པོ་རྣམས་དཔེས་སྦྲེལ་ནས། བདེན་དོན་དང་གནས་ལུགས་རྡོ་སྒྲིག་སྒྲིག་གིས་ཕྱིའི་སྡེ་དོན་ཚོ་དོན་སྤྱི་ཚིས་བྱེད་སྟངས་དང་ནང་གི་ཁྱིམ་སྲིད་ཁ་འཛིན་བྱེད་སྟངས་ཀྱི་གནའ་བོའི་ངག་རིག་གི་རྒྱུན་མ་ཆད་པར་ཡོད་པ་དང་། ལྷག་པར་དུ་གཏམ་དཔེས་རུ་སྡེ་ཚོ་ཤོག་གི་སྒྲིག་ལམ་དང་ཀུན་སྤྱོད་སྐོར་ལ་ཚགས་འཛིན་དོ་དམ་བྱེད་པའི་ནུས་པ་མ་ཉམས་པར་ལུས་ཡོད་པ་ནི་ད་ལྟ་ཡུལ་ལུང་གཞན་དུ་ཧ་ཅང་དཀོན་པས། ང་ཚོས་གཏམ་དཔེ་དང་འབྲེལ་བའི་རིན་ཐང་ལྟ་བའི་མ་ལག་དང་ཁྲིམས་ཡིག་གི་བྱུང་འཕེལ། སྒྲིག་སྲོལ་དང་དཔེ་ཚད་ཡི་གེར་མ་བཀོད་པའི་སྔོན་དང་བཀོད་པའི་རྗེས་ཀྱི་ཁྱབ་གདལ་བཀོད་གཏོང་གི་ཚུལ། ངག་ཐོག་དང་ཡིག་ཐོག་གི་ཁྲིམས་སྲོལ་བར་གྱི་ཕན་ཚུན་ཤུགས་རྐྱེན་དང་འགལ་འབྲེལ་སོགས་ལ་ཞིབ་འཇུག་བྱེད་རྒྱུ་ནི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད།

—— ཤེས་རབ་དོན་འགྲུབ།

གཏམ་དཔེ་ནི་རང་རེའི་མེས་པོ་གོང་མ་ནས་བྱུང་བའི་ངག་གི་དཔལ་དང་ཤེས་རབ་ཡིན། དེ་ལ་མཁས་པའི་ཁ་རྒྱན་ཞེས་ཀྱང་སྨྲ། རང་ཅག་རྣམས་ལ་སྲོལ་རྒྱུན་གྱི་རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་བྱེད་པའི་འོས་འགན་ཡོད།

——གདུགས་དཀར་ཚེ་རིང་།

དམ་པའི་ཆོས་དང་། སྲིད་པའི་གཏམ་ཞེས་པ་ནི་ཡང་ལྕི་མེད་པའི་བྱ་རྒྱལ་ཁྱུང་གི་གཤོག་པ། རིང་ཐུང་མེད་པའི་བྲེ་སེར་འབྲོང་གི་རི་ཐུར་ལྟ་བུ་ཡིན།

——རོང་བོ་ཚེ་དཔལ།

སྲིད་པའི་གཏམ་དཔེ་ནི་བོད་ཀྱི་འཚོ་བ་ལས་བྱུང་བའི་ངག་རིག་སྒྱུ་རྩལ་རྨད་བྱུང་བ་ཞིག་ཡིན།

——མགོན་ཤུལ་དོ་རྡོ།

ཟླ་བདུན་པའི་ཚེས་དགུ་ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གསུམ་པ༼སྲིད་པའི་གཏམ་གྱི་ཕ་ས། རྩེ་གཞུང་སྨན་ལྗོངས་ཕྱུག་མོ༽ནས་རྩེ་དྲུག་སྙིང་བདུན་སོ་དཀར་ཨ་ལོང་ལ་བརྒྱུས་ཤིང། སྲས་རུ་ངང་ཡག་གཟི་བྱིན་ཀ་བ་བཞིན་སྒྲེང་སྟེ། མཐོན་པོ་རི་དང་། དམའ་མོ་གཞོང་། ལུང་བ་དང་ཉག་ཁ། དེའུ་འབུར་དང་ཆུ་ཆེན་གྱི་རབ་ཁར་བརྒྱུད་དེ་ངའི་ཡ་ཆུང་གངས་དགའ་ར་བ་ན་ཤེས་ཟིག་ཡོད། ཁ་ལྕེ་པདྨ་འདབ་བརྒྱད་ན་གཏམ་ཟིག་ཡོད། ཕྱི་ཁྲི་སྡེ་ཡི་དཔོན་པོ། ནང་སྟོང་སྡེ་ཡི་བདག་པོ། སྦྲ་རོག་རོག་ཅན་ན་ཁྲི་དཔོན། ཁང་སྐྱ་ལེབ་ཅན་ན་སྟོང་དཔོན། ཁ་བརྒྱའི་བཀོད་པ་རྡོ་སྒྲིག ལག་བརྒྱའི་བཀོད་པ་འཐག་འཐེན་འཐེན་བཞིན་ང་ཚོ་སྐྱིད་པའི་སྨན་ལྗོངས་ཕྱུག་མོ་ནས་ཁྱིམ་སྒོ་ར་གཅིག་ལ་ལྷན་འཛོམས། འདུག་གདན་ཐོག་གཅིག་ལ་མཉམ་འཛོམས་བྱུང་ཡོད།

འདི་ལྟར། རྩེ་ཆུ་སྔོན་མོའི་ལྷུང་ལྷུང་གི་རླབས་སྒྲར་ཉན་ཐེངས་རེེར། མེས་པོའི་གཙུག་གི་དབུ་རྒྱན་སྒྲེང་ཡོད། རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ནས། སྲིད་པའི་གཏམ་གྱི་མེ་ལྕེ་འབར་ཡོད།

གངས་དཀར་སེམས་ཀྱི་གཏོད་ས། ཁྲ་ཆུང་མིག་གི་ལྟ་ས།

མགོ་རྨོག་དཀར་ཅན་གྱི་ཅ་ལ་འདྲ་འདྲ། རྒྱབ་ཁྲབ་དཀར་ཅན་གྱི་རྒྱུན་བུ་འདྲ་འདྲ།

གཏམ་ཁ་ལྕེ་བར་ནས་བོར་མི་ཉན། ཆང་དཀར་ཡོལ་ནང་ནས་འཕོ་མི་ཉན།

རྟ་བརྒྱའི་དབུགས་ཁ་སྟོད་ལ་འཚང་། མི་བརྒྱའི་ཕུ་རུང་རུམ་ལ་བཅུག

བརྒྱ་སྡེ་ཁ་ན་མེ་འབར་འབར། སྟོང་སྟེ་ཁ་ན་ཆུ་ཁོལ་ཁོལ།

མཁྱེན་པའི་མངོན་ཤེས་མེད་རུང་། དཔྱད་པའི་འདུ་ཤེས་ལོས་ཡོད།

ཡ་ཆུང་གངས་དགའ་ར་བ་ན་ཤེས་ཟིག་ཡོད། ཁ་ལྕེ་པད་མ་འདབ་བརྒྱད་ན་གཏམ་ཟིག་ཡོད།

ཡ་ཐོད་མགུ་རུ་རྟ་འདང་ཡོད། མ་ཐོད་ཁྱུང་དཀར་མཛོ་འདང་ཡོད།

ཟླ་དྲུག་པའི་སེར་ཆེན་མེ་ཏོག བཏབ་ནོ་མིན་ལ་སྐྱེས་ནོ་ཡིན།

རྟ་ར་རའི་སྤུ་ཁ་མ་འགྱུར་། གསེར་སེར་བོའི་ཁ་དོག་མ་ལོག

སྤྱི་ཟླ་བདུན་པའི་ཚེས་བཅུའི་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་སྔར་བཞིན་འགྲན་སྡུར་སྤེལ་རྒྱུ་ཡིན་ཞིང་། འགྲན་སྡུར་གྱི་གོ་རིམ་ཆ་ཚང་སྔར་མུས་བཞིན་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPP ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།།

ཐད་གཏོང་སྟེགས་བུ་དག་ནི།

མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ། གངས་ལྗོངས་མེ་ལོངAPP། ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།ཉིན་རེའི་གངས་ལྗོངས་མགྱོགས་འཕྲིན།མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།

直播平台

青海藏语网络广播电视台(祥云网)

金格桑APP

雪域头条抖音号

雪域头条快手号

青海藏语广播抖音号