མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས2021ལོའི་ཉེན་དོན་ལག་རོགས་མི་སྣ་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས2021ལོའི་ཉེན་དོན་ལག་རོགས་མི་སྣ་བསྡུ་བའི་བརྡ་སྦྱོར།

ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་ལག་རོགས་མི་སྣའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས2021ལོའི་ཉེན་དོན་ལག་རོགས་མི་སྣ་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་བསྡུའི་མི་གྲངས་དང་། གོ་རིམ། ཁྱབ་ཁོངས། ཆ་རྐྱེན།

(གཅིག)ལས་བསྡུའི་མི་གྲངས། མི88བསྡུ་རྒྱུ་ཡིན་པ།

(གཉིས།)ལས་བསྡུའི་གོ་རིམ། མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར་བྱེད་པ། ཡིག་རྒྱུགས་ལེན་པ། ཐོབ་ཐང་ལ་བསྐྱར་ཞིབ་བྱེད་པ། ལུས་པོར་ཚད་ལེན་གདེང་འཇོག་བྱེད་པ།

ཁ་རྒྱུགས་ལེན་པ། བདེ་ཐང་བརྟག་དཔྱད་བྱེད་པ། ཆབ་སྲིད་ཐོག་ནས་རྟོག་ཞིབ་བྱེད་པ། ཁྱབ་སྒྲོག་བྱེད་པ། ལས་ཞུགས་སོགས་ཀྱི་རིམ་པ་ལྟར་གཉེར་རྒྱུ་ཡིན།

(གསུམ།)ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་རྐྱེན། ལོ18ཡན་དང་ལོ35མན་ཡིན་དགོས།(1985ལོའི་ཟླ7པའི་ཚེས18ཉིན་ནས2003ལོའི་ཟླ7པའི་ཚེས18ཉིན་བར་སྐྱེས་པ།)

གཉིས། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།

(གཅིག)མིང་ཐོ་འགོད་སྟངས། མཚོ་སྔོན་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བའི་སྟེང(www.qhpta.com)གོ་རིམ་ལྟར་དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་གྲོན་དངུལ་འཇལ་དགོས།

(གཉིས)མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ7པའི་ཚེས7ཉིན་གྱི་ཆུ་ཚོད14ནས་ཟླ7པའི་ཚེས10ཉིན་གྱི་ཆུ་ཚོད18:00བར།

(གསུམ)ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད། 2021ལོའི་ཟླ7པའི་ཚེས7ཉིན་གྱི་ཆུ་ཚོད14ནས་ཟླ7པའི་ཚེས11ཉིན་གྱི་ཆུ་ཚོད18:00བར།

(བཞི)གྲོན་བསྡུའི་དུས་ཚོད། 2021ལོའི་ཟླ7པའི་ཚེས7ཉིན་གྱི་ཆུ་ཚོད14ནས་ཟླ7པའི་ཚེས11ཉིན་གྱི་ཆུ་ཚོད23:30བར།

(ལྔ།)སྙོམ་སྒྲིག་བྱེད་པའི་དུས་ཚོད། 2021ལོའི་ཟླ7པའི་ཚེས12ཉིན་གྱི་ཆུ་ཚོད9ནས་ཟླ7པའི་ཚེས12ཉིན་གྱི་ཆུ་ཚོད18:00བར་ཡིན།

གསུམ། ཡིག་རྒྱུགས་ལེན་པའི་དུས་ཚོད་དང་ས་གནས།

(གཅིག)ཡིག་རྒྱུགས་ལེན་པའི་དུས་ཚོད། 2021ལོའི་ཟླ7པའི་ཚེས18ཉིན། ཞིབ་ཕྲའི་རྒྱུགས་ལེན་ས་གནས་རྒྱུགས་སྤྲོད་འཛིན་ཡིག་ཚད་གཞིར་འཛིན་དགོས།

བཞི། ཁ་རྒྱུགས།

ཁ་རྒྱུགས་དུས་ཚོད་དང་། ས་གནས། ཁ་རྒྱུགས་ལེན་སྟངས་བཅས་ཡིག་རྒྱུགས་ཀྱི་སྐར་གྲངས་ཁྱབ་སྒྲོག་བྱས་རྗེས་ལོགས་སུ་བརྡ་ཐོ་གཏང་རྒྱུ་ཡིན། ཁ་རྒྱུགས་ཀྱི་སྤྱིའི་སྐར་གྲངས་ཀྱིས་སྤྱིའི་སྐར་གྲངས་ཀྱི40%ཟིན།

དྲུག འབྲེལ་གཏུག་ཁ་པར་ཨང་གྲངས། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའུ། 0971-8293350

བློ་འདྲིའི་ཁ་པར་ནི་ལས་གནས་ཀྱི་རེའུ་མིག་སྟེང་ཞིབ་མོར་མཐོང་།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའུ།

2021ལོའི་ཟླ7པའི་ཚེས7ཉིན།

ཟུར་ཡིག

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས2021ལོའི་ཉེན་དོན་ལག་རོགས་མི་སྣ་བསྡུ་བའི་ལས་གནས་རེའུ་མིག

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།