ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་འགྲེམ་སྟོན་དུས་ཚོད་ཇེ་རིང་ལ་བཏང་བའི་བརྡ་ཐོ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་རྒྱལ་ཁའི་ངང་འཚོགས་རྗེས། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་མི་དམངས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་ལྟ་སྐོར་ལ་ཕྱིན་ནས། རྟེན་འབྲེལ་ཚོགས་ཆེན་གྱི་མི་སེམས་འགུལ་པའི་ཡུལ་དངོས་བཀོད་སྒྲིག་ལ་ཡང་བསྐྱར་དྲན་གསོ་བྱེད་བཞིན་ཡོད། ལྟ་སྐོར་པའི་དགོས་མཁོ་བསྐང་ཆེད། རྟེན་འབྲེལ་ཚོགས་ཆེན་གྱི་ཡུལ་དངོས་བཀོད་སྒྲིག་འགྲེམ་སྟོན་དུས་ཚོད་ཟླ7པའི་ཚེས31ཉིན་བར་ཇེ་རིང་ལ་བཏང་ཡོད་པས། རྒྱ་ཆེའི་ཡུལ་སྐོར་པས་ཡུལ་སྐོར་གྱི་འགྲུལ་བཞུད་སྔ་མོ་ནས་བཀོད་སྒྲིག་བྱ་དགོས།

གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས།

2021ལོའི་ཟླ7པའི་ཚེས5ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།