ལིའུ་ཐའོ་ཡིས་མཚོ་སྔོན་པོའི་མཐའ་འཁོར་དང་མཚོ་སྔོན་པོར་འབབ་པའི་ཆུ་བོའི་འབབ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བཅོས་སྒྲིག་གི་ཉིན་བརྒྱའི་ལས་འགུལ་བཀོད་སྒྲིག་ཚོགས་འདུའི་སྟེང་གཏམ་བཤད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པ་འི་ཚེས27ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་སྔོན་པོའི་མཐའ་འཁོར་དང་མཚོ་སྔོན་པོར་འབབ་པའི་ཆུ་བོའི་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བཅོས་སྒྲིག་གི་ཉིན་བརྒྱའི་ལས་འགུལ་བཀོད་སྒྲིག་ཚོགས་འདུར་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་བར”གདེང་ཚོད་ཡོད་པ་དང་། ངོས་འཛིན་ཟབ་ཏུ་གཏོང་བ། དམིགས་ཚད་ཁ་གསལ་བཟོ་བ། གཙོ་གནད་མངོན་གསལ་དོད་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་ཉིན་བརྒྱའི་ལས་འགུལ་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱ་དགོས་པའི་ནན་བཤད་གནང་བ་རེད།

ལིའུ་ཐའོ་ཡིས་བསྟན་དོན། མཚོ་སྔོན་པོའི་མཐའ་འཁོར་དང་མཚོ་སྔོན་པོར་འབབ་པའི་ཆུ་བོའི་འགྲམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བཅོས་སྒྲིག་གི་ཉིན་བརྒྱའི་བྱ་སྤྱོད་སྤེལ་བ་དེ་ནི་ཞིས་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་ལ། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་དང་མཚོ་སྔོན་པོར་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ཤིག་ཀྱང་རེད། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་སོ་སོས་ས་ཁོངས་དང་ས་ཁོངས་ཀྱི་ཁྱབ་ཁོངས་ནང་གི་གད་སྙིགས་གྲལ་བཤེར་གཙང་བཤེར་ཀྲོའུ་དང་རྫོང་གི་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་ཁ་གསལ་བཟོ་བ་དང་།ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ཡུག་སྦྲེལ་ཁུལ་གྱི་ལྟ་སྐུལ་ཞིབ་བཤེར་འགན་འཁྲིའི་ལམ་ལུགས་ཁ་གསལ་བཟོས་ཏེ་ནུས་ལྡན་དང་།གོ་རིམ་ལྡན་པ།ནུས་ལྡན་བཅས་ཀྱི་སྒོ་ནས་བཅོས་སྒྲིག་བྱ་བ་སྤེལ་དགོས་ཟེར།

ལིའུ་ཐའོ་ཡིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་སོ་སོས་མྱུར་དུ་གཙང་སེལ་དང་ཕྱོགས་ཡོངས་ནས་གྲལ་བཤེར་དང་། མཚོ་སྔོན་པོར་བཅོས་སྒྲིག་དང་མཚོ་སྔོན་པོར་འབབ་པའི་ཆུ་བོའི་འགྲམ་རྒྱུད་བཅོས་སྐྱོང་། དངོས་ཡོད་གནད་དོན་ཐག་གཅོད་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་ཟུང་འབྲེལ་བྱས་ཏེ་ཟུར་བསྟན་ལེབ་མཐོང་དང་། བྱ་ཐབས་བཟོ་བ། ལམ་སྲོལ་འཛུགས་པ་བཅས། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱེད་དགོས་པའི་ནན་བཤད་གནང་བ་རེད། སྤྱི་ཡོངས་ནས་སྐུལ་འདེད་གཏོང་སྐབས་ད་སྔའི་ཕུགས་ལ་གཞི་ཚུགས་པ་དང་། གཙོ་གནད་འབུར་ཐོན། འགག་རྩར་དམིགས་པ། ཕྱོགས་བསྡུས་ངང་སྲིད་ཇུས་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། འགོ་ཁྲིད་ཀྱིས་ཆིག་སྒྲིལ་ངང་འགན་འཁུར་བའི་བྱེད་ཐབས་ནུས་ལྡན་སྤྱད་དེ་གནད་སྦྲེལ་ནས་བཅོས་སྒྲིག་ལ་དམ་འཛིན་དང་གནད་གཅིག་ཏུ་སྒྲིལ་ནས་དག་ཐེར་ལ་སྐུལ་འདེད་གཏང་དགོས། མཉམ་ཤུགས་འགག་སྒྲོལ་ཁྲོད་འགན་འཁྲི་དོན་འཁྱོལ་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཏོགས་ཁོངས་དང་། གཙོ་གཟུགས། ལྟ་སྐུལ་དོ་དམ་བཅས་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཟུར་དུ་མི་ལུས་པ་དང་ལོང་ཁུལ་གཙང་བཤེར་བཅོས་སྒྲིག་བྱས་ཏེ་ཐུན་མོང་སྟེང་མཚོ་སྔོན་པོའི“མཛེས་སྡུག་ལྡན་པར་གྱུར་བའི”བཀྲག་མདངས་འཚེར་བའི་མིང་བྱང་སྲུང་སྐྱོང་ཡག་པོ་བྱ་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར།