ཟླ7པའི་ཚེས1ཉིན་ཚྭ་ཁའི་ལྗོངས་ཁུལ་ལ་པ་སེ་ཉོ་མི་དགོས་པའི་བརྡ་སྦྱོར།

གུས་པར་འོས་པའི་ཡུལ་སྐོར་བ་དང་ཡུལ་སྐོར་མཉམ་ལས་སྡེ་ཚན་ཁག་ལ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་བའི་ཚུལ་དུ། ཚྭ་ཁའི་ལྗོངས་ཁུལ་གྱིས2021ལོའི་ཟླ7པའི་ཚེས1ཉིན་ལ་པ་སེ་ཉོ་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ། ནང་དོན་ཞིབ་ཕྲ་གཤམ་གསལ།

2021ལོའི་ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད6:00——22:00སྟེ།

ཉིན་གང་བོར་ཡུལ་སྐོར་བ་རྣམས་གནས་འདིར་རིན་མེད་ངང་བསུ་རྒྱུ་ཡིན་པས། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་རྣམས་ཀྱིས“མཁའ་དབྱིངས་ཀྱི་མེ་ལོང·ཚྭ་ཁའི་མཛེས་ལྗོངས”ཏེ། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་། ཞི་མཐུན་གྱི་མཛེས་པ། རྩོལ་བྱུང་རིག་གནས་ཀྱི་མཛེས་པ་བཅས་ལ་ཉམས་སུ་མྱོང་བར་དགའ་བསུ་ཞུ།

བློ་འདྲིའི་ཁ་པར་ཨང་གྲངས། 0971-7533111、0977-8246999

མཚོ་སྔོན་ཚྭ་ཁའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི།

2021ལོའི་ཟླ6པའི་ཚེས29ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།