【ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ】ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྤྲོ་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས27ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས“ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ། ”ཞེས་པ་བརྗོད་བྱང་དུ་བྱས་པའི་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་སྤྲོ་ཚོགས་བསྡུས། པུའུ་ཡི་ལས་ཁུངས་དང་ཁོངས་གཏོགས་དོན་ལས་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོ་པ་རྣམས་མཉམ་དུ་འཛོམས་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།


བྱེད་སྒོ་སྤེལ་ཡུལ་དུ་པུའུ་འགོ་ཁྲིད་ཀྱིས་ཏང་ཡོན་རྒན་གྲས་རྣམ་པར“ཏང་ལོ་ལྔ་བཅུའི་གཟི་བརྗིད”ཅེས་པའི་དྲན་གསོའི་རྟགས་མ་སྤྲད་དེ། 2020ལོའི་ལོ་འཁོར་གྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་།“ཕུལ་བྱུང་ཏང་དོན་ལས་བྱེད་པ”“སྔོན་ཐོན་ཏང་རྩ་འཛུགས”བཅས་ལ་གཟེངས་བསྟོད་བྱས།《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་རོལ་དབྱངས་དང་བསྟུན་ནས་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད། མཉམ་གཞས《ཏང་ལ་བསྟོད་པའི་གླུ་ཞིག་ལེན》དང《ཐོག་མའི་བསམ་འདུན་མི་བརྗེད།》སོགས་སྣ་མང་ཕུན་སུམ་ཚོགས་པའི་ཞབས་བྲོ《དར་དམར་ལ་བསྟོད་པ》དང་།《ཝན་ལུང་ཆུ་བོ་དྭངས་ཤིང་གསལ》《མི་རིགས་ཁག་གི་བུ་ཕྲུག་གི་སེམས་ཏང་ལ་ཕྱོགས་པ》སོགས་ཀྱི་རྣམ་པ་དང་སྙན་ངག《སྔ་འཛིན་ཕྱི་གཏོད་ཀྱིས་ཏང་གི་རྗེས་སུ་འབྲངས》ཞེས་པ་གྱེར་འདོན་བྱས་པ་དང་རོལ་དབྱངས་ཀྱི་མགྱོགས་གདངས《ན་གཞོན་གྱིས་ཀྲུང་གོར་བསྟོད》སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་ལ་དགའ་བསུ་ཡང་ཡང་ཐོབ་པ་རེད། འཁྲབ་སྟོན་ཧྲིལ་པོར་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས་པ་དང་།ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་།འགན་འཁྲི་ལྷག་བསམ་རྣམ་དག་གིས་གཙང་སྒྲུབ་བྱེད་པ།འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།



ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཏང་གི་བཀའ་དྲིན་ཡིད་ལ་བརྟན་པོར་ངེས་ཤིང་། ཏང་གི་དམིགས་ཡུལ་ལག་ལེན་དུ་བསྟར་ཏེ། “ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་གནས་ལུགས་གསལ་རྟོགས་བྱེད་པ།ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ཡིད་ཆེས་ཆེ་རུ་བསྐྱེད་པ།ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ།ལོ་རྒྱུས་ལ་སློབ་སྦྱོང་བྱས་ནས་ལག་ལེན་ཧུར་ཐག་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་ངང“དར་ཆ་མཐོ་རུ་བསྒྲེངས།དམངས་སེམས་གཅིག་ཏུ་བསྡུས།མི་རབས་གསར་པ་སྐྱེད་སྲིང་བྱ།རིག་གནས་གོང་དུ་སྤེལ། སྣང་བརྙན་ལེགས་པར་གཏོད”པའི་འགན་འཁྲི་དང་འོས་འགན་ཁུར་དུ་བླངས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཁྲོད་ཀྱི་ཡིད་སེམས་འགུལ་བའི་ནང་དོན་ལྷང་ངེར་བཏོད་ཅིང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད་པའི་ཁྲོད་ཀྱི་ཁྱད་ཆོས་ཕྱིར་མངོན་ནས། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ཁྲོད་ཀྱི་གཞི་འཛིན་ས་དམ་འཛིན་ཏན་ཏིག་ཐོག དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་དང་ཕུལ་བྱུང་གི་གྲུབ་འབྲས་བསྣམས་ནས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་རྟེན་འབྲེལ་ཞུ་དགོས་ཞེས་བརྗོད།

ཁོན་ཐར་འཚོས་བསྒྱུར།