འཇུན་པ་སྡེ་བའི་ཀོ་རྩེད།

འཇུན་པ་སྡེ་བ་ནི་སྐྱིད་ཆུའི་འགྲམ་དུ་ཆགས་ཡོད་ལ། དུས་རབས17པའི་དུས་མཇུག་དང་དུས་རབས18པའི་དུས་མགོར། མི་རྣམས་ཀྱིས་ཉ་ལས་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད། ཉ་བ་དག་གིས་ངལ་དུབ་སེལ་ཆེད་གླུ་ལེན་གར་འཁྲབ་བྱས་པ་ལས་རིམ་བཞིན་ཀོ་རྩེད་ཅེས་པ་འདི་བྱུང་ཞིང་ད་བར་དུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན། ཀོ་རྩེད་འཁྲབ་མཁན་གྱིས་བཤད་ན། ཀོ་གྲུ་ནི་སྔོན་མ་འཇུན་པ་གྲོང་ཚོའི་ཉ་པ་ཚོའི་སྐྱེལ་འདྲེན་དང་འཚོ་བའི་ལག་ཆ་གལ་ཆེན་ཞིག་ཡིན། ཆུ་ལམ་མེད་ན་ཀོ་གྲུ་རྒྱབ་ལ་ཁུར་ནས་འགྲོ་བ་དང་། ལམ་གྱི་ངལ་བ་སེལ་བའི་ཆེད་དུ་ཉ་བ་དག་གིས་མཐོང་ཐོས་ཚང་མ་གླུ་རུ་བཀུག་ནས་ལེན་པ་ཡིན། ད་ལྟ། འཇུན་པ་སྡེ་བའི་ཕྱོགས་བཞི་རི་དང་ཆུས་བཀག་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནའང་ཞོ་སྟོན་དུས་ཆེན་དང་འོང་སྐོར་དུས་ཆེན་སོགས་བོད་ཀྱི་སྲོལ་རྒྱུན་དུས་ཆེན་སྐབས་སུ། འཇུན་པ་སྡེ་བས་ཀོ་གྲུ་རྒྱབ་ལ་ཁུར་ནས་གནའ་བོའི་ཀོ་རྩེད་འཁྲབ་པ་དང་ཀོ་རྩེད་ཀྱི་འཁྲབ་སྟོན་རྣམ་པ་དང་ཚིག་དང་དབྱངས་རྟ་སོགས་རྒྱུད་འཛིན་བྱས་ཡོད།

འཇུན་པ་སྡེ་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཏེ་ཀོ་རྩེད་འཁྲབ་བཞིན་པ།