གནས་བརྟན་ཆེན་པོ་བཅུ་དྲུག་གི་རྣམ་ཐར་མདོར་བསྡུས། སྟོད།

 

ཐུབ་པའི་དབང་པོ།

རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་ལ་ཉེ་བ་ན། གནས་བརྟན་ཆེན་པོ་བཅུ་དྲུག་ལ་བསྟན་པ་མ་ཉམས་པར་སྐྱོངས་ཤིག་ཅེས་བཀའ་བསྒོས། གནས་བརྟན་ཆེན་པོ་བཅུ་དྲུག་གིས་ཀྱང་། རྒྱལ་བའི་བཀའ་བཞིན་དུ་བསྒྲུབ་པར་ཞལ་གྱིས་བཞེས་ཏེ་བཀའ་བསྡུ་དང་པོ་གྲུབ་ནས་རང་རང་གི་གདུལ་བྱ་གང་དང་གང་ན་ཡོད་པ་དེ་དང་དེར་གཤེགས་ཏེ་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་ཞིང་སྐྱོང་བར་མཛད་དེ།

གནས་བརྟན་ཡན་ལག་འབྱུང་།

༡ ༽གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས་འཁོར་དགྲ་བཅོམ་པ་ཆིག་སྟོང་སུམ་བརྒྱ་དང་བཅས་གངས་རི་ཆེན་པོ་ཏི་སིའི་གནས་སུ་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་མ་ཕམ་པ།

༢ ༽གནས་བརྟན་ཆེན་པོ་མ་ཕམ་པས་འཁོར་དགྲ་བཅོམ་པ་བརྒྱ་ཕྲག་གཅིག་དང་བཅས་དྲང་སྲོང་རི་ཡི་ངོས་ཤེལ་དུ་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་ནགས་ན་གནས།

༣ ༽གནས་བརྟན་ཆེན་པོ་ནགས་ན་གནས་ཀྱི་འཁོར་དགྲ་བཅོམ་པ་ཆིག་སྟོང་དང་བཞི་བརྒྱ་བཅས་ལོ་མ་བདུན་པའི་རི་ཕུག་ཏུ་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་དུས་ལྡན།

༤ ༽གནས་བརྟན་ཆེན་པོ་དུས་ལྡན་གྱིས་འཁོར་དགྲ་བཅོམ་པ་ཆིག་སྟོང་ཆིག་བརྒྱར་བཅས་འཛམ་བུ་གླིང་གི་ཟངས་གླིང་ན་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་རྡོ་རྗེ་མོའི་བུ།

༥ ༽གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུས་འཁོར་དགྲ་བཅོམ་པ་སྟོང་ཕྲག་གཅིག་དང་བཅས་སིང་ག་ལ་ཡི་གླིང་ན་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་བཟང་པོ།

༦ ༽གནས་བརྟན་ཆེན་པོ་བཟང་པོས་འཁོར་དགྲ་བཅོམ་པ་ཆིག་སྟོང་ཉིས་བརྒྱ་དང་བཅས་ཆུ་བོ་ཡ་མུ་ནི་གླིང་ན་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་གསེར་བེའུ།

༧ ༽གནས་བརྟན་ཆེན་པོ་གསེར་བེའུས་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་ཁ་ཆེའི་ཡུལ་དུ་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།

གནས་བརྟན་བྷ་ར་དྷཱ་ཛ་གསེར་ཅན།

༨ ༽གནས་བརྟན་ཆེན་པོ་བྷ་ར་དྷཱ་ཛ་གསེར་ཅན་གྱིས་འཁོར་དགྲ་བཅོམ་པ་བདུན་བརྒྱ་དང་བཅས་བ་གླང་སྤྱོད་དུ་བཞུགས་ནས་ཐུབ་པའི་བསྟན་པ་མི་ཉམས་པར་བཟུང་སྟེ་འགྲོ་བའི་དོན་མཛད།