2021ལོའི་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན་བསྡུ་བའི་བརྡ་སྦྱོར།

《2021ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་སྡེ་ཚན་ལས་བྱེད་མི་སྣ་བསྡུ་བའི་བྱ་བའི་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཞོན་ནུའི་ཆབ་སྲིད་གཞུང་ལས་ཁང་གི་ཡི་གེ(2021)ཨང45པ)《མཚོ་སྔོན་ཞིང་ཆེན་དོན་ལས་སྡེ་ཚན་གྱིས་ལས་བྱེད་མི་སྣ་བསྡུ་བའི་བྱ་ཐབས》སོགས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་གཞིར་བཟུང་ནས། 2021ལོའི་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན10བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་མི་བསྡུ་བའི་ལས་གནས་དང་ཁྱབ་ཁོངས།

2021ལོའི་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན10བསྡུ་བའི་ཞིབ་ཕྲའི་ལས་གནས《2021ལོའི་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་བསྡུ་བའི་འཆར་གཞིའི་རེའུ་མིག》(ཟུར་བཀོད་རེའུ་མིག་ནང་བཀོད)ལ་གསལ།

(གཅིག)མིང་ཐོ་འགོད་སྟངས་དང་། དུས་ཚོད། ཐོབ་ཐང་ཞིབ་བཤེར་བྱེད་སྟངས

1.ཐེངས་འདིའི་ལས་བྱེད་མི་སྣ་བསྡུ་བའི་མིང་ཐོ་འགོད་པའི་བྱ་བ་དེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པའི་བྱ་ཐབས་ཐོག་ནས་སྤེལ་རྒྱུ་ཡིན།

དྲ་ཐོག་ཆ་འཕྲིན་སྤྲོད་པའི་དུས་ཚོད། 2021ལོའི་ཟླ6པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཚེས24ཉིན་གྱི་ཆུ་ཚོད18བར་ཡིན།

དྲ་ཐོག་ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད། 2021ལོའི་ཟླ6པའི་ཚེས21ཉིན་གྱི་ཆུ་ཚོད9ནས་ཚེས25ཉིན་གྱི་ཆུ་ཚོད18བར་ཡིན།

མིང་ཐོ་འགོད་མཁན་གྱིས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བ(www.qhpta.com)ལ་ཞུགས་ནས་དྲ་ཐོག་ཏུ་མིང་ཐོ་འགོད་པའི་གོ་རིམ་ཞིབ་ཚགས་ངང་ལྟ་ཀློག་བྱེད་པ་དང་བཀོལ་སྤྱོད་ཀྱི་གོ་རིམ་ལྟར་མིང་ཐོ་འགོད་དགོས།

2.2021ལོའི་སློབ་ཆེན་མཐར་ཕྱིན་སློབ་མས་མིང་ཐོ་འགོད་ཆོག་པ་དང་། མིང་ཐོ་འགོད་སྐབས་སློབ་ཐོན་ལག་རྟགས་ཀྱི་ཨང་གྲངས་འབྲི་མི་དགོས། འོན་ཀྱང་རང་གི་ཆེད་ལས་འབྲི་དགོས་པར་མ་ཟད་སློབ་ཐོན་ལག་རྟགས་དང་གཅིག་མཚུངས་ཡིན་དགོས་པ་དང་། 2021ལོའི་ཟླ7པའི་ཚེས31ཉིན་གྱི་སྔོན་ལ་ལས་གནས་ཀྱི་བླང་བྱ་དང་མཐུན་པའི་སློབ་ཐོན་ལག་རྟགས་དང་སློབ་གནས་ལག་རྟགས་ལེན་དགོས། གལ་ཏེ་ལེན་མ་ཐུབ་ཚེ་ལས་བསྡུའི་ཐོབ་ཐང་མེད་པར་བཟོ་དགོས།

3.མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱ་བ་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གིས་འགན་འཁུར་དགོས་པ་མ་ཟད། རྒྱུགས་སྤྲོད་སློབ་མར་ལས་གནས་ཀྱི་ཆེད་ལས་དང་ཐོབ་ཐང་ཆ་རྐྱེན་གྱི་བློ་འདྲིའི་འགྲེལ་བཤད་བྱ་བ་ཡག་པོ་བསྒྲུབ་དགོས།

(གཉིས)དུས་ཚོད་ངོས་འཛིན།

ལོ་ཚད་གཏན་འཁེལ་བྱེད་པ། རྒྱུགས་སྤྲོད་སློབ་མའི་ལོ་ཚད་བརྩི་མཚམས་འཇོག་པའི་དུས་ཚོད་ནི་མིང་ཐོ་འགོད་པའི་ཉིན་དང་པོར(ལོ35ཡི་མན་ཡིན་དགོས།1985ལོའི་ཟླ6པའི་ཚེས21ཉིན་གྱི་རྗེས་སུ་སྐྱེས་པ་ཡིན་དགོས)ཡིན།

ལས་བྱེད་མི་སྣ་བསྡུ་བའི་རིང་། རྒྱུགས་སྤྲོད་སློབ་མས་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བརྒྱའི(www.qhpta.com)དང་། མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་དྲ་བ(www.hxrs.gov.cn)། མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་དྲ་བའི(www.qhcdmzy.com.cn)སྟེང་ཞུགས་ནས་ལས་བྱེད་མི་སྣ་བསྡུ་བའི་གོ་རིམ་ཧྲིལ་པོའི་འབྲེལ་ཡོད་བླང་བྱ་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས། དེ་དང་མཉམ་དུ། ངེས་པར་དུ་ནུས་ལྡན་གྱི་བརྡ་འཕྲིན་འབྲེལ་གཏུག་བྱེད་སྟངས་འདོན་སྤྲོད་བྱ་དགོས།

ལྟ་སྐུལ་ཁ་པར།

མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ(དོན་གཉེར་ཚན་པ)0977-8222882

མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་སྒྲིག་བཤེར་ལྟ་ཞིབ་ཁྲུའུ།(རྩིས་བཤེར)0977-8220181

བློ་འདྲིའི་ཁ་པར་ཨང་གྲངས།

མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གི་རྩ་འཛུགས་པུའུ།(མི་དོན་པུའུ)0977-8202289

ཟུར་ཡིག 2021ལོའི་མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་གིས་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་དགེ་རྒན་བསྡུ་བའི་འཆར་གཞིའི་རེའུ་མིག

མཚོ་སྔོན་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་།

2021ལོའི་ཟླ6པའི་ཚེས17ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།