ཚེ་རིང་ཐར་གྱིས་ཟི་ལིང་དང་མཚོ་ཤར་ས་ཁུལ་དུ་རྟོག་ཞིབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ6པའི་ཚེས16ཉིན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཟི་ལིང་རྟ་ཐང་དང་མཚོ་ཤར་ཧོར་གྲོང་སོགས་སུ་ཕྱིན་ནས་ཆུ་མཛོད་དང་ཆུ་རྐའི་འགོག་སྲུང་བདེ་འཇགས་སོགས་ཀྱི་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱས། ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱ་དགོས་ལ། ཧྲུའུ་ཅི་ཝང་ཅན་ཅོན་དང་ཧྲིན་ཀྲང་ཞིན་ཁྲང་ཞང་གི་བྱ་བའི་བླང་བྱ་དང་ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་དགོས་ལ། ནམ་ཡང་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། གནོད་འགོག་བྱ་བ་དམ་འཛིན་སྒོས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཟེར།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ད་ལོའི་དབྱར་ཆུ་རྒྱས་པའི་ཚུན་ལ་ཆར་འབབ་པ་དང་ཐལ་དྲགས་པའི་གནམ་གཤིས་ཀྱི་གནས་ཚུལ་ཇེ་མང་དུ་སོང་བ་དང་། ཆུ་ལོག་འགོག་པ་དང་གནོད་འཚེ་ཉུང་དུ་གཏོང་བའི་གནས་བབ་ཛ་དྲག་ཆེ། ཕྱོགས་གཅིག་ནས་ཞིབ་བཤེར་དམ་འཛིན་དང་ཕྱོགས་གཅིག་ནས་གནད་དོན་རྐྱེན་ངན་ཐག་གཅོད་པ་དམ་འཛིན་བྱས་ནས་ཆུ་མཛོད་གཙོར་བྱས་པའི་ཆུ་བེད་བཟོ་སྐྲུན་གྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས་ལ། གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཀྱི་ཉེན་བརྡ་གཏོང་བར་ཤུགས་བསྣན་ནས་གནོད་འགོག་བྱ་བ་ནུས་ལྡན་དུ་སྤེལ་བ་བརྒྱུད་འཕྲལ་བསྟུན་ཐག་གཅོད་ནུས་པའི་ཆུ་ཚད་མཐོར་འདེགས་གཏང་དགོས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཆུ་བེད་མ་ལག་དང་ཞོད་འགོག་ལས་འགན་ཁུར་བའི་ལས་རིགས་ལས་ཁུངས་ཀྱི་མི་སྣ་ཚང་མས་མཉམ་དུ་ས་གནས་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག རང་འགུལ་ངང་རང་འགན་དང་དུ་བླངས་ནས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ས་ཁུལ་ཁག་གི་ཞིབ་བཤེར་དོན་འཁྱོལ་ནན་མོ་བྱ་དགོས། ལས་རིགས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་ཁུར་ནས་བྱ་བ་ལེགས་པར་སྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱིའི་གཏན་འཇགས་ཐད་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས་ཟེར།

ཤ་མོ་འཚོས་བསྒྱུར།