ལོ་བརྒྱའི་འབད་འཐབ་ལམ་བུའི་ཐོག་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས། གྲགས་ཅན་མི་སྣ་ཞེས་པ་ལས་དེ་རིང་ལེའོ་ཅུན་པོ་དང་ལི་པའོ་གོ་ཡི་མཛད་རྗེས་ངོ་སྤྲོད་ཞུ་རྒྱུ་ཡིན།

དམིགས་བསལ་ཆེད་སྒྲིག་ལེ་ཚན་ལོ་བརྒྱའི་འབད་འཐབ་ལམ་བུའི་ཐོག་རྒྱང་སྐྱོད་གསར་པ་འགོ་ཚུགས། གྲགས་ཅན་མི་སྣ་ཞེས་པ་ལས་དེ་རིང་ཁྱེད་རྣམ་པར་རྒྱལ་ཡོངས་ཀྱི་ལས་བཀུར་ཀུན་སྤྱོད་དཔེ་བཟང་མི་སྣ་ལེའོ་ཅུན་པོ་དང་། ཐའེ་ཧང་རི་བོའི་ཐོག་ཚན་ཞིབ་གྲུབ་འབྲས་གཏོད་མཁན་ལི་པའོ་གོ་ཡི་མཛད་རྗེས་ངོ་སྤྲོད་ཞུ་རྒྱུ་ཡིན།

ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཁྱེར་ཀྲེང་ཧོ་རྫོང་ཐེ་ཧྲན་གྲོང་རྡལ་ཏུང་ཅན་གྲོང་ཚོར་ཟུར་དྲུག་ཡོད་པའི་བསིལ་ཁང་ཞིག་ཡོད་པ་དང་། དེའི་མིང་ལ་སི་པོ་བསིལ་ཁང་ཟེར་གྱི་ཡོད། དེ་ནི་ནན་ཕིང་གྲོང་ཨུད་རྒྱུན་ལས་ཨུ་ཡོན། རྒྱུན་ལས་གྲོང་སྤྱི་གཞོན་པ་ལེའོ་ཅུན་པོ་གཞུང་དོན་ཆེན་དུ་སྐུ་གཤེགས་པའི་གནས་ཚུལ་གྲོང་ཚོའི་ནང་ཁྱབ་རྗེས། གྲོང་མི་ཚོས་ཁྱེད་ཀྱིས་སྒོར་200དང་ངས་སྒོར་300བྱས་ཏེ་རང་འགུལ་ངང་ཞལ་འདེབས་བརྒྱབ་ཏེ་བཙུགས་པ་ཞིག་རེད།

སྤྱི་ལོ་2011ལོའི་ཟླ་6པར་ལེའོ་ཅུན་པོ་ཀྲེང་ཧོ་རྫོང་དུ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་པར་ཕེབས་ཡོད། ཀྲེང་ཧོ་རྫོང་ནི་ཧྥུའུ་ཅན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་ཡིན་ཞིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དུས་ཡུན་རིང་པོ་ཞིང་ཆེན་དེ་ཡོངས་ཀྱི་མཇུག་ཤོས་སུ་གནས་ཡོད།

སྤྱི་ལོ་2017ལོའི་ཟླ་3ཚེས་18ཉིན་ལེའོ་ཅུན་པོ་ལ་སྟབས་མི་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་ཐོན་ནས་དགུང་ལོ་48ལ་ཕེབས་ཙམ་གྱི་སྐུ་ཚེ་ཧྲིལ་པོའི་འཕེན་པ་རྫོགས་ཡོད། སྐུ་གཤེགས་ནས་ཟླ་བ་བརྒྱད་སོང་རྗེས། ལེའོ་ཅུན་པོ་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ལས་བཀུར་སྐྱེས་འབུལ་གྱི་ཀུན་སྤྱོད་དཔེ་བཟང་མི་སྣར་བདམས་ཡོད་པ་རེད།

ལི་པའོ་གོ་ནི་ཧོ་པེ་ཞིང་ལས་སློབ་གྲྭ་ཆེན་མོའི་དེ་སྔའི་དགེ་རྒན་ཆེན་མོ་བ་ཡིན། ཁོང་གིས་ཐའེ་ཧང་ཧྲན་རི་བོའི་རི་ཁུལ་གྱི་འབྱུང་ཁམས་བཅོས་སྐྱོང་དང་མང་ཚོགས་དབུལ་སྒྲོལ་ཐུབ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་དེ་ཚེ་གང་གི་ཕུགས་འདུན་ལ་བརྩིས་ནས། ལོ་ལྟར་གཞི་རིམ་དུ་ཉིན་200ལྷག་ཟབ་ཞུགས་གནང་བ་དང་། མུའུ་ཁྲི་140ཙམ་གྱི་ས་རྒོད་སྔོ་ལྗང་དུ་འགྱུར་བ། ཞིང་པ་ཁྲི་10ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་གནང་ཡོད།

ལི་པའོ་གོ་ལ་སྔ་རྗེས་སུ་ཞིབ་འཇུག་གི་གྲུབ་འབྲས་ཁག་28ཐོབ་པ་དང་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་བྱ་དགའི་རྣམ་གྲངས་18ཐོབ་པ། རིམ་རྩིས་བྱས་ན་ལག་རྩལ་བཀོལ་སྤྱོད་རྒྱ་ཁྱོན་མུའུ་ཁྲི་1826ཟིན་པ། རི་ཁུལ་གྱི་ཞིང་པར་འབབ་འཕར་སྒོར་དུང་ཕྱུར་58དང་བྱེ་བ་5བྱུང་བར་སྣེ་ཁྲིད་གནང་ཡོད།

སྤྱི་ལོ་2016ལོའི་ཟླ་4ཚེས་10ཉིན་ལི་པའོ་གོ་གློ་བུར་དུ་སྙིང་ནད་ལངས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་སྐུ་གཤེགས་པ་རེད། ལོ་མང་རིང་། ལི་པའོ་གོ་ཡིས་ནགས་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཐད་རེ་བ་ཡོད་ཚད་སྐོང་རྒྱུ་རྒྱུན་འཁྱོངས་གནང་སྟེ། ཞིང་པའི་ས་ནས་དངུལ་ཧྥུན་གཅིག་ཀྱང་ལེན་མྱོང་མེད་ལ་ཁེ་ལས་ཀྱི་མ་རྐང་གང་ཡང་ལེན་མྱོང་མེད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་གནང་སྟེ་ཚེ་གང་གི་སེམས་ནུས་རི་ཁུལ་གྱི་འབྱུང་ཁམས་འཛུགས་སྐྲུན་དང་ཚན་རྩལ་དམངས་ཕྱུག་གི་བྱ་གཞག་ནང་འཇོག་གནང་བ། རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཕུལ་བྱུང་སྤྱོད་བཟང་མངོན་ཡོད།