སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་དོ་དམ་སི་བཙུཊ་འདུག

སྤྱི་ཟླ་6པའི་ཚེས་15ཉིན། སློབ་གསོ་པུས་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་དོ་དམ་སི་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ལྟ་སྐུལ་དོ་དམ་སིའི་ལས་འགན་གཙོ་བོ་ནི། སློབ་གྲྭ་འབྲིང་ཆུང་གི་སློབ་མར་(བུ་བཅོལ་ཁང་གི་བྱིས་པ་ཚུད་)ཕྱོགས་པའི་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་དོ་དམ་ལས་དོན་གྱི་འགན་འཁུར་རྒྱུ་དང་། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་སྒྲིག་གཞིའི་ཏང་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པ། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ཚད་ལྡན་དོ་དམ་སྲིད་ཇུས་འཆར་ཟིན་འགོད་རྒྱུ་བཅས་ཡིན་པ་རེད།

གང་དེས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་སློབ་ཕྱིའི་སློབ་གསོ་གསོ་སྦྱོང་(དྲ་ཐོག་དང་དྲ་འོག་ཚུད་)སྒྲིག་གཞི་འཛུགས་པ་དང་། གསོ་སྦྱོང་གི་ནང་དོན། གསོ་སྦྱོང་གི་དུས་ཚོད། མི་སྣའི་ཐོབ་ཐང་། གླ་ཡོན་ལེན་པའི་ལྟ་སྐུལ་དོ་དམ་སོགས་ཀྱི་འབྲེལ་ཡོད་ཚད་གཞི་དང་ལམ་ལུགས་བཟོ་རྒྱུ་མ་ཟད། ལག་ལེན་བསྟར་བར་ལྟ་སྐུལ་ཡང་བྱ་རྒྱུ་དང་། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ཕྱོགས་བསྡུས་བཅོས་སྐྱོང་སྒྲིག་འཛུགས་ལག་བསྟར་བྱས་ཏེ། སློབ་ཕྱིའི་སློབ་གསོ་གསོ་སྦྱོང་ཕྱོགས་བསྡུས་ཁྲིམས་འཛིན་ལ་མཛུབ་ཁྲིད་བྱེད་རྒྱུ་ཡིན་པ་རེད། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྤྱི་ཚོགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོར་ཁྲིད་སྟོན་ཚད་ལྡན་བྱ་རྒྱུ་ཡིན་ཞིང་། སློབ་ཕྱིའི་སློབ་གསོ་དང་གསོ་སྦྱོང་གི་གནད་དོན་གལ་ཆེན་དུས་ཐོག་ཏུ་གོང་ཞུ་དང་ཐག་གཅོད་བྱ་རྒྱུ་རེད།