ལིས་ཅེ་ཞང་གིས་ལོ་སྟོད་ཀྱི་མ་དངུལ་གཏོང་འཇོག་ལས་གཞི་བཀོད་གཏོང་དང་ལས་གཞི་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ བསྐྱར་འཛུགས་དང་བཀོད་སྒྲིག་བྱེད་པའི་ཚོགས་འདུའི་སྟེང་གཏམ་བཤད་གལ་ཆེན་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གཙོ་སྐྱོང་བྱས་ནས་ལོ་སྟོད་ཀྱི་མ་དངུལ་གཏོང་འཇོག་བྱེད་པའི་ལས་གཞི་བཀོད་གཏོང་དང་ལས་གཞི་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ་བསྐྱར་འཛུགས་དང་བཀོད་སྒྲིག་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་འགག་རྩའི་གོ་རིམ་ལ་དམིགས་ནས་རང་འགུལ་ངང་ནུས་པ་འདོན་པ་དང་། གནད་འཁེལ་བཀོད་གཏོང་དང་སྲིད་ཇུས་ལག་བསྟར་བྱེད་པ། ནུས་ཤུགས་ཡོད་རྒུས་ལོ་སྟོད་ཀྱི་སྔོན་དཔག་དམིགས་ཚད་ལས་འགན་ལེགས་སྒྲུབ་བཅས་བྱས་ཏེ་ལག་ལེན་དངོས་ཀྱི་ཐོག་ནས་ཏང་བཙུགས་ནས་ལོ་འཁོར100ལོན་བར་བསུ་བ་ཞུ་དགོས་པ་བསྟན།

འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་ད་ལོའི་མ་དངུལ་གཏོང་འཇོག་དང་། ལས་གཞིའི་མཛོད་འཛུགས་སྐྲུན། མ་དངུལ་འགན་ལེན། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་མཉམ་འབྲེལ་འགན་ལེན་ལས་གཞི་གལ་ཆེན། མཚོ་སྐྱོར་ལས་གཞི་སོགས་ཀྱི་འཕེལ་རིམ་གནས་ཚུལ་སྙན་ཞུར་ཉན་རྗེས། ལིས་ཅེ་ཞང་གིས་ས་ཆ་དང་། མ་དངུལ། ཞིབ་མཆན་འགོད་པ་སོགས་ལས་གཞིའི་མ་དངུལ་གཏོང་འཇོག་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་རེ་རེ་བཞིན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཤིང་། ཁོས་ལས་གཞི་ ནི“ས་ཁུལ་བཞིའི”འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་སྒོས་རང་འགུལ་དང་།“དམ་འཛིན”གྱི་རང་འགུལ་དང་།“དམ་འཛིན”གྱི་རང་འགུལ་དང“སྐུལ་འདེད”ཀྱི་ཤུགས་ཚད་ཆེ་རུ་ཧུར་ཐག་བཏང་ནས་ལས་ཡུན་ལྡོག་སྒྲིག་དང་། འཆར་འགོད་བྱས་ནས་འབད་འཐབ་རྒྱག་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བསྟན་པ་རེད།

ལིས་ཅེ་ཞང་གིས་བསྟན་དོན། ལོ་ཧྲིལ་པོའི་དུས་ཚོད་ཕྱེད་ལྷག་ཟིན་གྲབས་ཡོད་པས་དུས་ཚོད་དམ་འཛིན་གྱིས་ལས་འགན་ལྕི་པོ་ཡོད། ས་གནས་དང་སྡེ་ཚན་སོ་སོས་གནད་དོན་གསེད་བཀྲོལ་དང་འགན་འཁྲི་ཞིབ་ཕྲ་བཟོས་ནས“འགོ་ཁྲིད་ཨང་དང་པོ”ངོ་མས་དམ་འཛིན་དང་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱས་ཏེ། རིམ་པ་རེ་རེ་བཞིན་དམ་འཛིན་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་པ། བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱས་ནས། ལས་གཞི་མཛོད་བསྐྲུན་རྒྱུར་དམིགས་ཏེ་འཕྲལ་སྡོམ་ཇུས་འགོད་དང་གནད་འཁེལ་ཤུགས་འདོན་གྱིས་ལས་གཞི་གྲབས་གསོག་གི་སྤུས་ཚད་མཐོ་རུ་བཏང་སྟེ། གཙོ་གནད་ལས་གཞི་དོན་འཁྱོལ་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏང་དགོས་ལ། བཀོད་གཏོང་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་འགག་རྩའི་གོ་རིམ་ལ་དམ་འཛིན་ཡག་པོ་བྱས་ནས་ཆེད་དོན་འཐེན་བཤེར་དང་ཞིབ་བཤེར་བྱས་ཏེ། གཙོ་གནད་ལས་གཞི་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལས་གཞི་བྱ་བར་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།