ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་མ་ཅི་ཞའོ་ཡིས་ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུའི་ཐད་བཀོད་སྒྲིག་དང་བླང་བྱ་བཏོན་པ་རེད།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཏམ་བཤད་གལ་ཆེན་ལ་རྟོག་ཞིབ་གནང་བར་ཕེབས་པ་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་ཚིས་བདེ་སྐྱིད་ཆེར་སྐྲུན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏང་བཅས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོའི་ཁྲོད་ལོ་རྒྱུས་སློབ་སྦྱོང་དང་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པའི་ཁ་ཕྱོགས་གསལ་བོ་སྟོན་པ། གཞི་འཛིན་ས་མཁོ་འདོན་བཅས་བྱས་ཡོད། ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ། ད་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བློ་དཀར་སེམས་དཀར་ངང་སློབ་སྦྱོང་བྱེད་པ་དང་། བཀའ་དྲིན་ཚོར་སེམས་བཅངས་ནས་སློབ་སྦྱོང་བྱེད་པ། འགན་འཁྲི་འཁུར་ནས་སློབ་སྦྱོང་བཅས་བྱས་ཏེ། དུས་རབས་གསར་པའི་བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ལ་བཅངས་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏང་དགོས་ཟེར།

ཚོགས་འདུས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུར་དམིགས་ཏེ། སེམས་ནུས་གཅིག་སྒྲིལ་དང་ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གསར་གཏོད་རྣམ་པའི་འཇོན་མི་གསོ་སྐྱོང་ཇེ་མགྱོགས་སུ་བཏང་ནས“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་ཆེད། འཇོན་མི་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱ་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ནས་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་།བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་དམིགས་ནས་ཞབས་ཞུའི་སྤུས་རྟགས་གཏོད་པ་དང་ །མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་སྟེ་རྒྱ་ཆེའི་མང་ཚོགས་ཀྱི་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་དམིགས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་ཏེ་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་རྒྱུན་འཛིན་དང་། གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་བྱེད་པ། དུས་རབས་ཀྱི་སྲོལ་གསར་སྐྱེད་སྲིང་བཅས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་དམིགས་ནས་མང་ཚོགས་ཚོགས་པའི་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མང་ཚོགས་ཚོགས་པའི་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་བྱེད་མཁན་ཀུན་སྤྱོད་བཟང་པོ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་ཀུན་སྤྱོད། རང་གཅུན་ནན་པོ་བྱེད་མཁན་གྱི་ཀུན་སྤྱོད་བཅས་ལ་བརྩི་མཐོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་དང་མང་ཚོགས་ལ་བློ་དཀར་སེམས་དཀར་བྱེད་པའི་བློ་སྟོབས་ནམ་ཡང་མི་ཉམས་པར་བྱ་དགོས་ཞེས་བསྟན།

གཡང་སྐྱིད་ཀྱིས་བསྒྱུར།