ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས76པ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རེན་གཞོན་པ་མཱ་ཝུའེ། ཉི་མ་སྒྲོལ་མ། ཀྲུའུ་རེན་གཞོན་པ་ཝུའུ་ཧའེ་ཁུན་དང་ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྲོལ་ཡིག་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་བྱ་བའི་སྲོལ་ཡིག་གི་འཆར་ཟིན་ཐེངས་གསུམ་གྱི་གྲོས་ཞིབ་མ་ཟིན། རང་ཞིང་གི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོང་སྲོལ་ཡིག་གི་འཆར་ཟིན་གྱི་གྲོས་གཞི། རང་ཞིང་གི་མེ་གསོད་མེ་འགོག་སྲོལ་ཡིག་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི། རང་ཞིང་གི་གྲོང་ཁྱེར་དང་ཁུལ་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་གཏན་ཁེལ་གྱི་འཆར་ཟིན་གྱི་གྲོས་གཞི་སོགས་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུ། མཚོ་ཤར་གྲོང་ཁྱེར་གྱི་རྨ་ཙོང་རིག་གནས་སྲུང་སྐྱོང་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག(བཟོ་བཅོས)ཟི་ལིང་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་སྲོལ་ཡིག(བཟོ་བཅོས)མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཇོན་མིའི་བྱ་བའི་སྲོལ་ཡིག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》ལག་ལེན་བསྟར་བའི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས་སོགས་ཀྱི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། ཀྲུའུ་རེན་གྲོས་ཚོགས་ཀྱིས་གོང་གསལ་གྲོས་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་དུ་འགོད་རྒྱུར་ཡིད་མཐུན་བྱས་ནས་ཀྲུའུ་རེན་གྲོས་ཚོགས་རྗེས་མའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ།

ཚོགས་འདུའི་སྟེང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་གྲོས་འགོའི་གྲོས་གཞི་དང་སྐོང་ཚོགས་བྱས་པའི་དུས་ཚོད་སྐོར་གྱི་གཞུང་ལས་ཐིན་གྱི་སྙན་ཞུར་ཉན། 2021ལོའི་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2020ལོའི་ནོར་སྲིད་ངེས་རྩིས་དང་། རྩིས་བཤེར། 2019ལོའི་རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་སྐོར་གྱི་སྙན་ཞུ་ཁག་ལྔའི་གྲོས་འགོའི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《རང་ཞིང་གི་གན་རྒྱའི་དཔྱ་ཁྲལ་གྱི་ཞིབ་ཕྲའི་སྤྱད་འཐུས་ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཇུས་གཞི》ལ་ཞིབ་བཤེར་བྱེད་པའི་གྲོས་གཞི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོ་ཆུང་གི〈རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག〉ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་སྙན་ཞུ》ཡི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ》ཡི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《2020ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱས་ཚུལ་སྐོར་གྱི་སྙན་ཞུ》ཡི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ངོས་མཚོ་སྔོན་ས་ཆའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུའི》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《ཞིང་ཆེན་ཡོངས་ཀྱི་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་ཚུལ་སྐོར་གྱི་སྙན་ཞུའི》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། 《འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུའི》གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། མི་དོན་བསྐོ་འཐེན་གྱི་གྲོས་གཞི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་རེད།

ཚོགས་འདུའི་སྟེང《2020ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དང་ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་ཚུལ་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུའི》གྲོས་ཞིབ་བསམ་འཆར་ལ་གྲོས་བསྡུར་བྱས་པ་རེད། ཚོགས་འདུའི་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཆེད་ལས་ཚོ་ཆུང་འཛུགས་རྒྱུར་མོས་མཐུན་བྱུང་བ་རེད།

གཡང་སྐྱིད་ཀྱིས་བསྒྱུར།