མཚོ་བྱང་སྤྱི་བདེས“433”སྡེབ་སྒྲིག་གི་ལག་ཐབས་སྤྱད་དེ་རང་འགན་གཙང་སྒྲུབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཏང་ཨུ་ཡིས་སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་ལེགས་ཆ་དང་འགན་འཁྲི་དང་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།དམངས་ལ་བྱ་བ་དངོས་སྒྲུབ་པའི“433”གྱི་སྡེབ་སྒྲིག་བྱེད་ཐབས་གཏན་འཁེལ་བྱས་ནས། དུས་རབས་གསར་པའི་མི་དམངས་སྤྱི་བདེ་ཡིས་མི་དམངས་ལ་བག་ཆགས་བཟང་བོ་བསྐྲུན་པ་རེད།     

“433”སྡེབ་སྒྲིག་བྱེད་ཐབས་ནང་གཙོ་བོ“བྱེད་ཐབས་བཞི”ལ་སྐུལ་འདེད་དང་།    “ལས་སྟེགས་གསུམ་”འཛུགས་སྐྲུན།    “མཚོན་བྱེད་གསུམ”གསར་སྐྲུན་བཅས་ཀྱི་བྱེད་ཐབས་བྱེ་བྲག་པ34ཚུད་ཡོད།     ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་རྒྱུན་རྣམ་ཅན་དང་དམངས་ལ་སྟབས་བདེ་སྐྲུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ན་ནིང་སློབ་གསོ་དག་ཐེར་གྱི་ཚོད་ལྟའི་བྱ་བ་སྒྲུབ་རིང་དམངས་ཕན་ཞབས་ཞུའི་བྱ་ཐབས་ཁག19ཁྱབ་གདལ་བཏང་བ་དང་། ད་ལོའི་སློབ་གསོ་དག་ཐེར་ཐད་དམངས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་ཁག9མུ་མཐུད་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཞིབ་འཇུག་བྱས་ནས་བཏོན་པའི་རྒྱ་སྐྱེད་བསྐྱར་མ་དང་།    གཏིང་ཟབ་ཏུ་གཏང་བ།    སླར་ཡང་གསར་གཏོད།    སླར་ཡང་དངོས་གཉེར་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་ཤིག་རེད། 

མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་གཞི་གྲངས་སྟེགས་བུ་སྤྱད་ནས་ནུས་ལྡན་ཉེན་བརྡ1386བཏང་བ་དང་།    མ་དངུལ་སྒོར་ཁྲི122.06བསྡམས་བཅད་དང་།    སྒོར་ཁྲི2115.24བསྐུར་མཚམས་བཅད།    གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་གྱོད་གཞི་ཐོན་ཚད་ཉུང་དུ་བཏང་བ།     འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ན་ནིང་ནས་བཟུང་སྔ་རྗེས་སུ་ཞིབ་མཆན་འགོད་པའི་དོན་ཚན་ཁག16གཤམ་སྤྲོད་བྱས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྱུར་ལྡོག་ཐོ་འགོད་དང་།    འཕྲུལ་སྒུལ་འཁོར་རིགས་ཀྱི་གློག་རྡུལ་ལས་སྒོ་གཉེར་བ།    ཁ་ལོ་བའི་ལག་ཁྱེར་བརྗེ་ལེན་ལས་སྒོ་གཉེར་བ།    འཕྲུལ་སྒུལ་འཁོར་རིགས་ཀྱི་ལོ6ནང་ཞིབ་བཤེར་མི་དགོས་པའི་ལས་སྒོ་གཉེར་བ་སོགས་བྱས་ཏེ། ཁ་ལོ་བའི་འཛིན་ཡིག་ལེན་པའི་དབང་ཆ་རྫོང་རིམ་པའི་རླངས་འཁོར་དོ་དམ་སུའོ་གཉིས་སུ་སྔ་རྗེས་སུ་ཐེངས་གཉིས་གཤམ་སྤྲོད་བྱས་པ་དང་།     ས་མཚམས་ནས་འགྲོ་འོང་དོ་དམ་ལས་ཁུངས་ཀྱིས་ས་མཚམས་ནས་འགྲོ་འོང་གི་ལས་སྒོ་གཉེར་བའི་དབང་པོ་སྐྱོན་ཅན་དང་མི་ཧྲེང་རྒན་རྒོན་སོགས་ཀྱི་ལག་ལེན་སྟབས་མི་བདེ་བའི་མང་ཚོགས་ལ་སྦྲག་སྲིད་མྱུར་སྐྱེལ་ལག་ཁྱེར་སྒོ་རྩར་ཞབས་འདེགས་ཞུ་བར་ཡོང་ནས། ལས་ཞག་ནང་འགྲོ་ལུགས་གཉེར་མི་ཐུབ་པའི་མང་ཚོགས་ལ་གཟའ་མཇུག་ཏུ་ཁ་ཆད་དང་ལག་ཁྱེར་གཉེར་བའི་ཞབས་ཞུ་དང་དུས་ཚོད་ནར་འགྱངས་སུ་བཏང་ནས་ཞབས་འདེགས་ཞུ་གི་ཡོད་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།