རང་ཞིང་ནས2021ལོར་གཞུང་ལས་པ་བསྡུ་བར་སྤེལ་བའི་རྒྱུགས་ལེན་བྱ་བ་མཇུག་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཉེ་ཆར།    མཚོ་སྔོན་ཞིང་ཆེན་གྱིས2021ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་གཞུང་ལས་པ་རྒྱུགས་བསྡུ་བྱེད་པའི་བྱ་བ་མཇུག་བསྡུས་ཤིང་།    ཐེངས་འདིའི་ཁ་རྒྱུགས་རྒྱུགས་ལེན་ནང་ཞུགས་མཁན་མི་གྲངས2897དང་།    དངོས་སུ་ཞུགས་མཁན་མི་གྲངས2808།    རྒྱུགས་ལ་མ་ཞུགས་པའི་ཚད3%ཟིན་ཡོད་པ་རེད། 

ཁ་རྒྱུགས་བྱ་བ་གོ་རིམ་ལྡན་པ།    ཕན་འབྲས་ཆེ་བ་བཅས་ཡོང་བའི་འགན་ལེན་བྱ་ཆེད།    ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཚད་མཐོའི་མཐོང་ཆེན་དང་།    དམ་འཛིན་ཞིབ་ཚགས།    ཡིག་རྒྱུགས་གོ་རིམ་ཚད་ལྡན་ནན་པོ།    ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏང་བ་བཅས་བྱས་པ་རེད།     ངོ་རྒྱུགས་མ་བཏང་གོང་ཡིག་རྒྱུགས་བྱ་བའི་མི་སྣར་ཆེད་མངགས་གསོ་སྦྱོང་བྱས་ནས། བྱ་བའི་མི་སྣ་ཡོངས་ཀྱི་ལས་གནས་ལས་བགོས་ཞིབ་ཕྲ་བྱས་པ་དང་འབྲེལ་ལས་ཀའི་སྒྲིག་ལམ་གཙོ་གནད་ཐོག་ནན་བཤད་བྱས་པ་རེད།     ཁ་རྒྱུགས་རིང་རྒྱུགས་སྤྲོད་ས་ཚིགས་ཀྱི་སྒོ་འགྲམ་དུ་རྒྱུགས་སྤྲོད་སློབ་མའི་ཨང་བཤེར་དང་།    དྲོད་ཚད་ཚད་ལེན།    ཁ་ཐུམ་རྒྱག་པ་སོགས་ཀྱི་རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། མི་སྣ་གཅིག་སྡུད་མི་ཡོང་བ་བྱེད་པ་དང་འབྲེལ་ཆེད་ལས་སྨན་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་རྒྱུགས་སྤྲོད་ས་ཚིགས་སུ་ཉིན་མཚན་ཀུན་ཏུ་བཅའ་སྡོད་བྱས་ནས་རིམས་ནད་རྒྱུན་གཏན་ཅན་གྱི་ཡིག་རྒྱུགས་བདེ་འཇགས་དང་རིམས་འགོག་བདེ་འཇགས་འགན་ལེན་བྱས།     

ངོ་རྒྱུགས་མཇུག་འགྲིལ་རྗེས་ཞིང་ཨུད་རྩ་འཛུགས་པུས་ས་ཁུལ་ཁག་དང་ཚན་པ་ཁག་ལ་དུས་ཐོག་ཏུ་གཟུགས་པོར་བརྟག་དཔྱད་དང་རྟོག་ཞིབ་ཀྱི་ལས་དོན་སྤེལ་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ནས་གསར་དུ་བསྡུས་པའི་མི་སྣ་རྣམས་ཟླ་དགུ་པའི་ཟླ་མཇུག་ཏུ་ཚང་མ་ལས་གནས་ཐོག་བསྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།