མཚོ་ནུབ་ཏུ་རིག་གནས་ཀྱི་འབྲེལ་ཟམ་བཙུགས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།     ཀྲེ་ཅང་ཞིང་ཆེན་ཆན་ཆིང་ལ་རོགས་སྐྱོར་བྱེད་མཁན་བཀོད་འདོམས་པུའུ་ཐེམ་ཆེན་བྱ་བའི་རུ་ཁག །ཉིན་པོ་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུའུ།    ཉིན་པོ་གྲོང་ཁྱེར་ཁ་གཏད་རོགས་སྐྱོར་དང་ས་ཁོངས་མཉམ་ལས་ཅུའུ།    ཉིན་པོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་དུ་སྤེལ་ཞིང་། མཚོ་སྔོན་མཚོ་ནུབ་ཁུལ་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བྱ་བ་ཁང་གིས་གཉེར་འགན་འཁུར་བའི“མི་ཁྲི་མཚོ་ནུབ་ཏུ་ཡུལ་སྐོར་བྱེད”ཅེས་པའི་སྨན་བཅོས་དང་ངལ་གསོ་རྒྱག་པའི་བྱེད་སྒོ་སྤེལ་བ་དང་།    ཐོག་མའི་འགྲེམས་སྤེལ་ཚོགས་པས་ཁྱོན་མི་དྲུག་ཅུ་ལྷག་ཙམ་ཉིང་པོ་ལི་ཧྲེ་གནམ་ཐང་དུ་འཛོམས་ནས་ཉིན་མཚན་བཅུ་གཅིག་གི་མཚོ་སྔོན་དུ་འཕུར་བའི་ཡུལ་སྐོར་བྱེད་འགོ་བརྩམས་པ་རེད།     

མཚོ་ནུབ་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏང་བ་དང་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད།    ཁུལ་དེ་རང་གིས་སྨན་བཅོས་ངལ་གསོ་དང་ཡུལ་སྐོར་སོགས་ཀྱི་ཇུས་གཞི་ཇུས་འགོད་བྱས་ནས། རྒྱལ་ཡོངས་མི་དམངས་ལ་མཚོ་ནུབ་ས་ཆའི་མཛེས་ལྗོངས་དང་ལས་གཞི་ལྟེ་བར་བྱས་ནས་ཡུལ་སྐོར་བར་སྔར་བྱུང་མྱོང་མེད་པའི་ཡུལ་སྐོར་ལམ་ཐིག་གི་ཉམས་ལེན་བྱས་པ་རེད།     མཚོ་ནུབ་ལ་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་མཛེས་ལྗོངས་ཐོན་ཁུངས་ཡོད།     ཐེངས་འདིའི་གཏན་སྲོལ་ཡུལ་སྐོར་ཁྲོད།     གཱ་ཡི་རྒྱུན་གཏན་ལམ་ཐིག་ཐོག་གི་དྲ་རྒྱར་གྲགས་ཆེ་བའི་མཛེས་ལྗོངས་ཁུལ་མཚོ་སྔོན་པོ་དང་།    ཚྭ་ཁ་མཚེའུ།    སྐུ་འབུམ་བྱམས་པ་གླིང་སོགས་ཡིན་པ་མ་ཟད།    འགྲེམས་ཐེངས་དང་པོའི་ཚོགས་པ་ད་དུང་གཏེར་ལེན་ཁ་རུ་བསྐྱོད་དེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་བྱེ་ཐང་གི་མི་མེད་ཁུལ་དུ་བཅར་འདྲི་བྱས་ནས། ཐའེ་ཅི་ནའར་མཚེའུ་ཤར་མ་དང་མི་ཡུལ་གྱི་གསང་བའི་ས་ཁོངས་ཡིན་པའི་ཝུའུ་སུའུ་ཐེ་ཆུ་ཐོག་ཡ་ཏན་ལ་ལྟ་སྐོར་བྱས་པས། ཡུལ་སྐོར་བས་མཚོ་ནུབ་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གོམས་གཤིས་དང་རང་བྱུང་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པ་བྱུང་ཡོད།     

ཉིང་པོ་ནས་བདེ་བླགས་ངང་ལྗོངས་རྒྱུ་པ་སྐོར་ཁག་དང་པོ་མངགས་ཐོན་པ་དེ་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པ་དང“མི་ཁྲི་མཚོ་ནུབ་ཏུ་ཡུལ་སྐོར་བྱེད་པའི”ལས་གཞི་རྒྱུན་མཐུད་ངང་བརྟན་པོའི་ངང་སྐུལ་འདེད་གཏང་རྒྱུ་ཡིན་པ་མཚོན་ཡོད།     སླད་ཕྱིན་ཁུལ་དེས་སྨན་བཅོས་དང་ལུས་གསོ་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་དེ་བས་འབད་བརྩོན་བྱས་ནས་རིག་གནས་ཀྱི་འབྲེལ་ཟམ་བཙུགས་ཏེ། ཀྲེ་ཅང་དང་མཚོ་ནུབ་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤེལ་རེས་དང་།    འགྲོ་འོང་།    མཉམ་འདྲེས་བཅས་ལ་སྔར་ལས་སྐུལ་འདེད་བཏང་སྟེ་ས་གནས་གཉིས་ཀྱི་མཐུན་སྦྱོར་གཞི་ཁྱོན་ཅན་དང་།    ཆེད་ལས་ཅན།    སྤུས་ཚད་ཅན་བཅས་ཀྱི་སྨན་བཅོས་དང་ལུས་གསོ་ཐོན་ལས་འབྲེལ་ཐག་ཆ་ཚང་གི་སྤུས་རྟགས་ཧུར་ཐག་གཏོད་རྒྱུ་རེད།  

ལོ་ཙཱ་བ།རྟ་མགྲིན་དཔལ།