“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་སྒོས་དུས་རབས་གསར་པའི་སྲིད་ཁྲིམས་དཔུང་སྡེའི་ཧྲགས་དམག་སྦྱངས་རྡུང་བྱེད་པ”

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཉིན་ཤས་བསྟུད་མར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་སྲིད་ཁྲིམས་ཀྱི་འགན་ནུས་ལ་གཞི་བཅོལ་ཏེ།    ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་དམ་འཛིན་སྒོས།    “དྲང་པོར”དམིགས་པ།   “མངོན་པར”གསལ་བ།  “བརྟན་པོ”མཐའ་འཁྱོངས་བཅས་དམངས་ཕྱིར་བྱ་བ་དངོས་སྒྲུབ་པའི་ལག་ལེན་བྱེད་སྒོ་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ཁྱབ་པ་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་ཧུར་ཐག་སེལ་ཡོད་པ་རེད།  

རྫོང་གི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཚན་པ་སོ་སོས་རྫོང་གི་གནས་ཚུལ་དངོས་ལ་གཞི་བཅོལ་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཞིང་།     རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས“འཐབ་ཕྱོགས་དང་པོའི་ལས་ཀ་བྱེད་ཐབས”དང་ཟུང་འབྲེལ་སྒོས། མི་དམངས་མང་ཚོགས་ཀྱི“རེ་སྒུག”ལ་གཟབ་ཉན་བྱས་ཏེ་འབྲོག་པ་མང་ཚོགས་ལ་བོད་སྐད་ཀྱི་ལམ་ནས“སྲིད་ཇུས་སྐྱེལ་བའི”ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་།    དམངས་ལ་ཞབས་འདེགས་ཞུ་བའི་མང་ཚོགས་ཀྱི་ལས་ཀའི་ནུས་པ་ཆེ་རུ་བཏང་སྟེ།    བརྟན་ལྷིང་སྲུང་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།     

རྫོང་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་རྒྱུན་གཏན་གྱི་སློབ་སྦྱོང་དང་ཡུན་རིང་གི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཟུང་འབྲེལ་སྒོས། མང་ཚོགས་ཀྱི་རེ་སྒུག་གསར་པ་དང་དགོས་མཁོ་གསར་པར་ལན་བཏབ་སྟེ་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད།     རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས“མི་དམངས་ཉེན་རྟོག་པ་བརྒྱ་སྟོང་སྡེ་བར་བསྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་བྱས་ནས་སེམས་ཁུར་དང་དྲོད་ཁོལ་བསྐྱལ་ཏེ་ཉེན་རྟོག་པ་དང་མང་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་།     རྫོང་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་འབྲི་ཆུའི་ཆུ་འགོའི་གཅིག་སྒྲིལ་རྫོང་གི་ཡུལ་ཚོ་ལྔ་པའི་གྲོང་རྡལ་དང་པོ་དང་། “ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ས་སྟོང”གི་ཉེ་འཁོར་དུ་སྐྱེ་ཁམས་ཁོར་ཡུག་གཏོར་བཤིག་གནད་དོན་གྱི་ཁུངས་སྣེ་འཚོལ་ཞིབ་དང་གྲལ་བཤེར་བྱས་ནས། “ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པའི་འགན་འཁྲི”ཏན་ཏིག་མངོན་པར་བྱས་ཏེ“འབྲི་ཆུའི་ཆུ་འགོའི”རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བྱ་བར་ཞིབ་དཔྱོད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ལོ་ཙཱ་བ།རྟ་མགྲིན་དཔལ།