【ལོ་བརྒྱའི་ཏང་རྒྱུས་ལས་དེ་རིང་གི་ཉིན་མོ།】 ཟླ6ཚེས10།

1952ལོའི་ཟླ6པའི་ཚེས10།

མའོ་ཙེ་ཏུང་གིས་ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཙུགས་པའི་ཚོགས་ཆེན་ལ། “ལུས་རྩལ་བྱ་འགུལ་འཕེལ་རྒྱས་སུ་བཏང་ནས།མི་དམངས་ཀྱི་གཟུགས་གཞི་ཇེ་ཐང་དུ་གཏོང་དགོས།”ཞེས་ཆེད་དུ་ཕྱག་བྲིས་མཛད། 1954ལོའི་ཟླ1པའི་ཚེས8ཉིན།ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལུས་རྩལ་བྱ་འགུལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི《མི་དམངས་ཀྱི་ལུས་རྩལ་བྱ་འགུལ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་སྙན་ཞུ》ལ་མཆན་བཀོད་མཛད་པ་དང་ཆབས་ཅིག “མི་དམངས་ཀྱི་བདེ་ཐང་གནས་ཚུལ་ཇེ་ལེགས་དང་མི་དམངས་ཀྱི་གཟུགས་གཞི་ཇེ་ཐང་དུ་གཏོང་རྒྱུ་ནི་ཏང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན”ཞེས་བསྟན།

1958ལོའི་ཟླ6པའི་ཚེས10།
ཀྲུང་གུང་ཀྲུང་དབྱང་གིས《ནོར་སྲིད་དང་།སྲིད་ཁྲིམས།ཕྱི་དོན།ཚན་རིགརིག་སློབ་བཅས་ཀྱི་ཚོ་ཆུང་འཛུགས་པའི་སྐོར་གྱི་བརྡ་ཐོ》བཀྲམས། བརྡ་ཐོའི་ནང་ཚོགས་ཆུང་དེ་དག་ནི་ཏང་ཀྲུང་དབྱང་གི་ཡིན་ཞིང་།ཀྲུང་དབྱང་ཆབ་སྲིད་ཅུས་དང་ཧྲུའུ་ཅི་ཁྲུའུའི་ཁོངས་སུ་གཏོགས་པ་དང་། ཚོགས་ཆུང་ཁག་གི་ཙུའུ་ཀྲང་གཤམ་གསལ།ནོར་དཔལ་ཚོགས་ཆུང་ནི་ཁྲེན་ཡུན་དང་།སྲིད་ཁྲིམས་ཚོགས་ཆུང་ནི་ཕེང་ཀྲེན།ཕྱི་དོན་ཚོགས་ཆུང་ནི་ཁྲེན་དབྱི།ཚན་རིག་ཚོགས་ཆུང་ནི་ཉེ་རུང་ཀྲེན།རིག་སློབ་ཚོགས་ཆུང་ནི་ལུའུ་ཏིང་དབྱི་བཅས་ཡིན།

2003ལོའི་ཟླ6པའི་ཚེས10།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི་《“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་སློབ་སྦྱོང་བྱེད་པའི་རྩ་གནད་》པར་སྐྲུན་འགྲེམས་སྤེལ་བྱས། 《རྩ་གནད》ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བསམ་བློའི་ལམ་ཕྱོགས་དང་།འཕེལ་རྒྱས་ཀྱི་ལམ་ཁ། འཕེལ་རྒྱས་ཀྱི་དུས་རིམ།འཕེལ་རྒྱས་ཀྱི་འཐབ་ཇུས།བསྒྱུར་བཅོས་སྒོ་འབྱེད།རྩ་བའི་ལས་འགན།རྩ་བའི་དམིགས་ཡུལ་སོགས་དང་། དེ་བཞིན་དཔལ་འབྱོར་དང་།ཆབ་སྲིད།རིག་གནས།རྒྱལ་སྲུང་།དམག་དཔུང་།འཐབ་ཕྱོགས་གཅིག་གྱུར།མེས་རྒྱལ་གཅིག་གྱུར།ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས།ཏང་ལེགས་སྐྱོང་སོགས་ཁྱབ་ཁོངས་ཁག་ཏུ“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་རྒྱས་བཤད་བྱས།

ཏང་གི་ལོ་རྒྱུས་སློབ་སྦྱོང་གཞུང་ཕྱོགས་དྲ་ཚིགས།
ཁོན་ཐར་འཚོས་བསྒྱུར།