མཚོ་སྔོན་གྱིས་ལས་རྨས་སྔོན་འགོག་གི་ལོ་ལྔའི་བྱེད་སྒོར་འཆར་གཞི་བཟོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་རྨས་སྔོན་འགོག་བྱ་བ་ཡག་པོར་བསྒྲུབ་ཆེད།    ཉེ་ཆར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་བཟོ་འཕྲིན་ཅན་ཐིང་སོགས་ལས་ཁུངས་བརྒྱད་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་ལས་རྨས་སྔོན་འགོག་ལོ་ལྔའི་བྱེད་སྒོའི་འཆར་གཞིའི་ལག་བསྟར་ཇུས་གཞི(2021ལོ་ནས2025ལོ་བར)》མཉམ་འབྲེལ་ཐོག་པར་འགྲེམས་བྱས་པ་རེད།  

《ལག་བསྟར་ཇུས་གཞིའི》ནང་ཕྱོགས་བདུན་ནས་བཀོད་སྒྲིག་ཞིབ་ཕྲ་བཟོས་ཡོད།    གཅིག ལས་རྨས་སྔོན་འགོག་གི་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཇེ་ཚང་དུ་གཏང་དགོས།     མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་དང་།    ཆ་འཕྲིན་བརྗེ་རེས།    གཞི་གྲངས་མཉམ་སྤྱོད་ཀྱི་ལམ་སྲོལ།    མཉམ་འབྲེལ་ཞིབ་བཤེར་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལམ་སྲོལ་བཅས་འཛུགས་དགོས།     གཉིས། ལས་རྨས་སྔོན་འགོག་ལས་གཞི་ཚན་རིག་དང་མཐུན་ཞིང་ཚད་དང་མཐུན་པར་སྐུལ་སྤེལ་གཏང་དགོས།     ལས་རྨས་སྔོན་འགོག་དབྱེ་ཞིབ་དང་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏང་བ་དང་།    ལས་རྨས་སྔོན་འགོག་གི་གཙོ་གནད་ལས་རིགས་ཁ་གསལ་བཟོ་བ།    ལས་རྨས་སྔོན་འགོག་ལས་གཞི་ལག་བསྟར་ཚད་ལྡན་ཡོང་བ་བཅས་བྱ་དགོས།     གསུམ། ལས་རྨས་སྔོན་འགོག་དྲིལ་སྒྲོག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས།     ལས་རྨས་སྔོན་འགོག་གི་དྲིལ་སྒྲོག་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་བ་དང་།    ལས་རྨས་སྔོན་འགོག་གི་དྲིལ་སྒྲོག་བྱེད་ཐབས་གསར་གཏོད།    ལས་རྨས་སྔོན་འགོག་གི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏང་བ་བཅས་བྱ་དགོས།     བཞི། ལས་རྨས་སྔོན་འགོག་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་དགོས།     ལས་རྨས་སྔོན་འགོག་ནུས་པ་ཆེ་རུ་གཏང་བའི་གསོ་སྦྱོང་ལག་བསྟར་དང་།    ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭས་ལས་རྨས་སྔོན་འགོག་སློབ་ཚན་བཀོད་སྒྲིག་བྱ་དགོས།     ལྔ། ལས་རྨས་སྔོན་འགོག་བྱ་བར་ཤུགས་སྣོན་རྒྱག་པའི་འགྱུར་མེད་བྱ་ཐབས་སྤྱད་དེ་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་འཕར་ཆག་བཀན་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།    བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ལས་རྨས་སྔོན་འགོག་ནུས་པ་ཆེ་རུ་བཏང་ནས་ལས་རིགས་ཀྱི་ནད་གཞིའི་གནོད་འཚེ་འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏང་དགོས་པ།     དྲུག ནས་དྲ་སྦྲེལ+ལས་རྨས་སྔོན་འགོགབྱ་བ་ཤུགས་ཆེན་སྤེལ་ནས་ལས་རྨས་སྔོན་འགོག་ཆ་འཕྲིན་ཅན་གྱི་ལས་སྟེགས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏང་དགོས་པ་བཅས་རེད།     བདུན། ལས་རྨས་སྔོན་འགོག་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏང་དགོས།     ལས་རྨས་སྔོན་འགོག་ཆེད་ལས་ཅན་གྱི་ཆུ་ཚད་དུ་སྐུལ་སྤེལ་བཏང་སྟེ་ལས་རྨས་སྔོན་འགོག་ཆེད་མཁས་མཛོད་འཛུགས་དགོས།    

《ལག་བསྟར་ཇུས་གཞིའི》ནང་ལོ་ལྔའི་ནང་རྒྱུན་མཐུད་ངང་སྐུལ་འདེད་གཏང་བ་དང་ཕྱོགས་བསྡུས་ཐོག་ཤུགས་བརྒྱབ་སྟེ། ལས་རྨས་སྔོན་འགོག་གི་འདུ་ཤེས་དང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་རིགས་སུ་ལས་རྨས་ལས་འཛོལ་ཐོན་ཚད20%ཙམ་དམའ་རུ་བཏང་སྟེ། རྡུལ་གྲིབ་གློ་ནད་སོགས་ལས་རིགས་ནད་ཐོན་ཚད་མངོན་གསལ་དོད་པོས་ཇེ་ཉུང་དུ་གཏང་རྩིས་ཡོད་པ་རེད།     ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་དུས་ཐོག་ཏུ་མཉམ་འབྲེལ་ཚོགས་འདུ་འཚོགས་ནས། ལས་ཁུངས་ཁག་གི་ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ་དང་དགེ་མཚན་ལྡན་པའི་བྱ་ཐབས་དང་བྱ་ཐབས་ནུས་ལྡན་སྤྱད་དེ། ངལ་རྩོལ་པའི་ཚེ་སྲོག་བདེ་འཇགས་དང་གཟུགས་པོ་བདེ་ལ་ཁག་ཐེག་བྱས་ནས་ངལ་རྩོལ་པ་ལས་ཀར་བདེ་འཇགས་ངང་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་ཟེར།     

ལོ་ཙཱ་བ།རྟ་མགྲིན་དཔལ།