བྲག་དཀར་རྫོང་གིས་ན་གཞོན་ལས་བྱེད་པའི་འཇོན་ཐང་མཐོར་འདེགས་ལ“འཚོ་བཅུད”མཁོ་སྤྲོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ན་གཞོན་ལས་བྱེད་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་བློའི་རང་རྟོགས་དང་ལག་ལེན་གྱི་རང་རྟོགས་ལ་སྔར་ལས་ཤུགས་སྣོན་རྒྱག་ཆེད།     ན་གཞོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གིས“བསམ་བློའི་ཐོག་ནས་སྐྱེད་སྲིང་བྱེད་པ”དང་།    “འགྲན་རའི་དངོས་འཐབ”“ལག་ལེན་དངོས་ཀྱི་སྦྱོང་བརྡར”ཚན་རིག་དང་མཐུན་པའི་ངང་འཇོན་ཐང་མཐོར་འདེགས་ལ“འཚོ་བཅུད”བསྐྲུན་ནས། ན་གཞོན་ལས་བྱེད་པ་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་རྒྱུར་རོགས་རམ་བྱས་པ་རེད།

བསམ་བློའི་སྐྱེད་སྲིང་།     སློབ་ཚན་བཀོད་སྒྲིག་ཞིབ་ཚགས།    སློབ་སྦྱོང་གི་ནང་དོན་བཀོད་སྒྲིག་ལུགས་མཐུན།    ཆེད་དོན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་བཅས་བྱ་དགོས།     ན་གཞོན་ལས་བྱེད་པ་ཇི་ལྟར་བྱས་ནས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་དམིགས་ནས། མྱོང་ཚོར་ཤོད་པ་དང་ཕན་ཚུན་སློབ་སྦྱོང་བྱས་ནས་ན་གཞོན་ལས་བྱེད་པར་ཕན་ཚུན་སྤེལ་རེས་དང་།    མཉམ་འགུལ་མཉམ་འདྲེས།    ཉམས་མྱོང་མཉམ་སྤྱོད་བཅས་ཀྱི་ལས་སྟེགས་བཏོད་དེ། ན་གཞོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པའི་དྲང་ནུས་སྔར་ལས་གཅིག་ཏུ་འགྲིལ་དགོས་ཞེས་བཤད་པ་རེད།     ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྫོང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལོ་རྒྱུས་དཔྱད་ཡིག་ཁང་དང་།    དབུལ་ཐར་འགག་སྒྲོལ་དཔྱད་ཡིག་ཁང་།    མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་སོགས་ལ་ལྟ་སྐོར་བྱས་ནས་ཏང་གི་འཕེལ་རྒྱས་བརྒྱུད་རིམ་ཐད་ཀར་མྱོང་ཚོར་ཐུབ་པ་དང་།    ཏང་གཤིས་ཀྱི་གོ་རྟོགས་ཇེ་མཐོར་ཕྱིན་པ།    དམངས་ལ་བཅངས་པའི་བརྩེ་སེམས་བརྟན་པོ་འཛུགས་པ།    ན་གཞོན་ལས་བྱེད་པས་སྔོན་ལ་བསྙེགས་བརྒལ་དང་བླང་བྱ་ནན་པོ་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏང་བ་བཅས་བྱ་དགོས་པ་བསྟན།  

འགྲན་རའི་དངོས་འཐབ།     ཆེད་དོན་ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱའི་འགྲན་སྡུར་བྱེད་སྒོ་སྤེལ་ནས་ན་གཞོན་ལས་བྱེད་པས་སློབ་སྦྱོང་བྱེད་རིམ་དུ་ཏང་གི་ལོ་རྒྱུས་ལ་ཕྱི་མིག་ལྟ་བ་དང་།    བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོར་ཤུགས་རྒྱག་པ།    རང་ངོས་ཀྱི་ཆབ་སྲིད་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏང་བ།    ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་བ།    ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་རྒྱ་སྐྱེད་གཏང་བ།    དུས་རབས་གསར་པའི་ན་གཞོན་ལས་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་བཅས་བྱ་དགོས།     གཞན་ཡང་སྙན་ངག་གྱེར་འདོན་དང་གླུ་གཞས་འདུ་ཚོགས་ཀྱི་རྣམ་པའི་ཐོག་ནས་གསར་བརྗེའི་དུས་རབས་ཀྱི་སྐད་སྒྲ་མཚོན་པ་དང་།    ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་བརྒྱུད་སྤྲོད་བྱེད་པ།    ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བརྗོད་དོན་གཙོ་བོར་འཛིན་པ།    ན་གཞོན་ལས་བྱེད་པས་དངོས་སྒྲུབ་ཁྲོད་འགན་འཁྲི་འཁུར་བ་དང་འགན་འཁྲི་འཁུར་རིང་དཔའ་ངར་ཆེན་པོས་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ན་གཞོན་ལས་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏང་དགོས་ཞེས་བཤད་པ་རེད།

ལག་ལེན་ཁྲོད་གོམས་སྦྱོང་བརྡར་གསུམ་བྱ་དགོས་པའི་ཕྱོགས་ནས།     ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་དང་སློབ་གསོ་གཏང་བའི་བྱེད་སྒོ་སྤེལ་དགོས།     ན་གཞོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་དེ་གསར་བརྗེའི་གཏམ་རྒྱུད་དང་།    སེམས་ཁམས་འཆད་ཁྲིད།    ངར་སྐུལ་སོགས་ཀྱི་མཉམ་འགུལ་སྤེལ་རེས་བྱེད་སྒོ་སྤེལ་བ་དང་།    སློབ་མས་ཏང་གི་ལོ་རྒྱུས་ཤེས་རྟོགས་དང་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་བར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས་ཤིང་།     དུས་མཚུངས་སུ“ལས་བྱེད་པ་གསར་རྙིང་ལག་གདང་སྦྲེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྤེལ་རེས་བྱེད་སྒོ་སྤེལ་ནས་ལས་ཞུགས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་།    ལས་སྒོའི་འབྲེལ་ཡོད་ཤེས་བྱ་བརྒྱུད་ཁྲིད།    དོགས་གཞིར་ལན་འདེབས་བཅས་བྱས་ཏེ་ལས་ཕྱོད་དང་ཆུ་ཚད་མཐོ་རུ་བཏང་ཡོད།

ལོ་ཙཱ་བ།རྟ་མགྲིན་དཔལ།