བྱེད་ཐབས་གསུམ་ལག་བསྟར་བྱས་པས་འབའ་རྫོང་གི་ཏང་རྒྱུས་སློབ་སྦྱོང་གི་བྱེད་སྒོར་རྣམ་པ་གསར་པ་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་སྟེགས་བུ་སྣ་ཚོགས་སྤྱད་དེ“དྲ་ཐོག་དང་།ཡུལ་དངོས།  ”“སློབ་ཚན་དང་སློབ་གསེང་ཟུང་འབྲེལ”“རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ”བཅས་ཀྱི་བྱེད་ཐབས་མཉམ་སྤྱོད་ཀྱིས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་ཇེ་ལེགས་སུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བསམ་པའི་དག་ཁྲུས་ནང་ལོ་རྒྱུས་མྱོང་ཚོར་བྱ་རྒྱུར་ཁྲིད་སྟོན་བྱས་ནས། གསར་བརྗེའི་རིག་གནས་ཁྲོད་མདུན་དུ་བསྐྱོད་ལ་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད།     

“དྲ་ཐོག་དང་ཡུལ་དངོས”ཟུང་དུ་འབྲེལ་སྒོས་སློབ་སྦྱོང་སློབ་གསོ་རྒྱག་ཤུགས་ཇེ་ཆེར་གཏང་དགོས།     ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་ཏན་ཏིག་གཏང་དགོས།     “དྲ་ཐོག”ནས་སློབ་སྦྱོང་གི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ།    སྐད་འཕྲིན་གྱི་སྤྱི་དམངས་ཨང་རྟགས་ལ“ཏང་གི་ལོ་རྒྱུས་སློབ་སྦྱོང”ཞེས་པའི་ལེ་ཚན་བཙུགས་ཏེ།    ཁྱད་ཆོས་ལྡན་པའི་ཏང་གི་ལོ་རྒྱུས་བརྗོད་བྱར་འཛིན་པའི་རིག་རྩལ་བརྩམས་ཆོས་ཧུར་ཐག་སྒོས་སྤེལ་དགོས།     “ཡུལ་དངོས”སུ་ཏང་གཤིས་སློབ་གསོའི་རྟེན་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་བེད་སྤྱོད་གང་ལེགས་བྱས་ཏེ།    ལས་བྱེད་པ་སྒྲིག་འཛུགས་སྒོས་ལྟ་སྐོར་དང་སློབ་སྦྱོང་བྱེད་དུ་བཅུག་པ་དང་།    ཏང་གི་ལོ་རྒྱུས་སྐོར་གྱི“གཅིག་བདུན”གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།    གསར་བརྗེའི་གློག་བརྙན་དང་།    ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱའི་ཚོད་ལྟའི་རྒྱུགས་ལེན།    གསར་བརྗེའི་རྟེན་གཞིར་ལྟ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།     

“སློབ་ཚན་ནང་དང་སློབ་གསེང་ཟུང་འབྲེལ”སྒོས་སློབ་སྦྱོང་སློབ་གསོའི་མཐོ་ཚད་ཇེ་མཐོར་གཏང་དགོས་པའི་ཕྱོགས་ནས།     “སློབ་ཚན་ནང”སློབ་སྦྱོང་གི་འཆར་གཞི་བཟོས་ཏེ།    རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཟུང་འབྲེལ་དང་།    ཞིབ་བསྡུར་དང་དཔྱད་བརྗོད་སྤེལ་རེས་ཟུང་འབྲེལ།    ཚོད་ལྟ་དང་ལས་ཡུལ་དངོས་སུ་དྲི་བ་འདོན་པ་ཟུང་འབྲེལ་བཅས་བྱས་ཏེ།    སློབ་སྦྱོང་བྱེད་སྟངས་སྣ་ཚོགས་སྤྱད་དེ་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་དགོས་ལ།     “སློབ་གསེང”གིས“ངས་མང་ཚོགས་ལ་དངོས་དོན་སྒྲུབ་པ”ཡི་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།    མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་།    ཆེས་ཐད་ཀར་ཡིན་པ།    ཆེས་མངོན་སུམ་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ།    མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་མང་ཚོགས་ལ་ཁེ་ཕན་རག་ཏུ་འཇུག་དགོས།    

“གཞུང་ལུགས+ལག་ལེན”གྱི་རྣམ་པ་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏང་དགོས་པའི་ཕྱོགས་ནས།     རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏང་དགོས།     ལས་བྱེད་པའི“སེམས་ཁམས”སེལ་ནས་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་ནན་ཏན་དང་བསམ་གཞིག་གཏིང་ཟབ་བྱས་ཏེ་སློབ་སྦྱོང་ལ་བསམ་བློ་གཏང་བ་དང་།    སློབ་སྦྱོང་ལ་གོ་བ་ལེན་པ།    སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་བཅས་བྱ་དགོས།     ལས་བྱེད་པའི“འགན་འཁྲི”བཤངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང་།    ལས་ཁུངས་རང་ངོས་འཛུགས་སྐྱོང་།    ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་སོགས་དང་ཟུང་འབྲེལ་དམ་ཟབ་བྱེད་པ།     ལས་བྱེད་པའི“ལས་ཀ”འབྲེལ་མཐུད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་སྐབས་བརྗེའི་འདེམས་བསྐོ་དང་།    གཞི་རིམ་གྱི་ཏང་འཛུགས་སྐྱོང་།    ཤེས་ལྡན་མི་སྣ་ནང་འདྲེན།    ཏང་ཡོན་ལ་སློབ་གསོ་དང་དོ་དམ་སོགས་བྱེད་པའི་ལྟེ་བའི་ལས་ཀ་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་གི་ནང་དོན་དེ་བྱ་བ་ཅི་རིགས་ལེགས་སྒྲུབ་ཀྱི་སྒུལ་ཤུགས་དང་ཕན་འབྲས་ཆེན་པོར་ཏན་ཏིག་བསྒྱུར་དགོས་པ་བསྟན།     

ལོ་ཙཱ་བ།རྟ་མགྲིན་དཔལ།