ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་མཚོ་ཤར་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་སྒོ་སྤེལ་བ།

— 【ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ། ཏང་རྒྱུས་སློབ་སྦྱོང་བྱས། བསམ་བློའི་གོ་རྟོགས་སད། དངོས་དོན་ལག་ཏུ་བསྟར། བཟོ་བཀོད་གསར་པ་བཤམས】

རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་མཚོ་ཤར་བཟོ་ལས་གླིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། མཚོ་ཤར་གྲོང་ཁྱེར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤེལ་རེས་ལྟ་སྦྱོང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། ཡུལ་དངོས་ལྟ་སྦྱོང་མ་བྱས་གོང་གི་བཞུགས་མོལ་ཚོགས་འདུའི་ཐོག་ཞིང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཀྲོའུ་དབྱང་ཁྲེང་གིས་ད་ཐེངས་ཀྱི་ལྟ་སྦྱོང་སློབ་སྦྱོང་གི་དམིགས་ཡུལ་དང་ནང་དོན་གསལ་བཤད་བྱས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་མཱ་ཧྭ་ཝུའེ་ཡིས་མཚོ་ཤར་གྲོང་ཁྱེར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུལ་སྙན་ཞུ་གནང་བ་རེད།

ཀྲོའུ་དབྱང་ཁྲེང་གིས་ད་ཐེངས་ལྟ་སྦྱོང་སློབ་སྦྱོང་བྱེད་སྐབས་སློབ་སྦྱོང་ལྟ་སྦྱོང་དང་ཉམས་ལེན་སྤེལ་རེས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དེ་དམིགས་ཡུལ་དུ་བྱེད་པ་དང་། སྔོན་ཐོན་དང་དམིགས་ཚད་ལ་གཞིགས་ཏེ་ཧེ་བག་འཚོལ་བ་དང་སྔོན་དཔག་ལྟར་སློབ་སྦྱོང་བྱས་ནས་སྔོན་ཐོན་བརྩོན་ལེན་དང་ཕུལ་བྱུང་བརྩོན་ལེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད། ད་ཐེངས་ཀྱི་ལས་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པ་ནི་ས་ཁུལ་གསུམ་གྱི་ངོས་ནས་བཤད་ན་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ལག་ལེན་ཞིག་ཡིན། ས་གནས་ཁག་དང་ལས་ཁུངས་ཁག་གིས་སློབ་སྦྱོང་མཉམ་སྐྲུན་ཕན་ཚུན་སྐུལ་འདེད་བྱེད་པའི་སྤེལ་རེས་ལས་སྟེགས་ཤིག་ཀྱང་ཡིན། ས་ཁུལ་ཁག་གིས་དོན་དངོས་ལ་གཞིགས་ནས་ཉམས་མྱོང་ངོ་སྤྲོད་དང་། ས་གནས་ས་ཐོག་ཏུ་ལྟ་སྦྱོང་། ཕན་ཚུན་སྤེལ་རེས། མྱོང་ཚོར་ཆུང་བ་སོགས་ཀྱི་རྣམ་པ་བཀོད་སྒྲིག་བྱས་པ་དང་། ལྟ་སྦྱོང་སློབ་སྦྱོང་བྱེད་སྐབས་དུས་འགོའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་ཚུལ་གཙོ་གནད་དུ་བཟུང་ནས་འབུར་ཐོན་བྱ་དགོས་པ་མ་ཟད། མང་ཚོགས་ཀྱི་“དཀའ་ཉེན་དང་རེ་སྒུག་”དང་“ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི་”ལག་ལེན་བྱེད་སྒོར་དམིགས་ཏེ་གཏན་འབེབས་ཀྱི་བྱ་སྤྱོད་ཀྱི་ཕན་འབྲས་དང་རང་འདེམས་བྱ་སྤྱོད་ཀྱི་ཁྱད་ཆོས་གང་ལེགས་མཚོན་པར་བྱ་དགོས་ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུན། རང་རེའི་གྲོང་ཁྱེར་གྱིས་ཀྲུང་དབྱང་དང་ཞིང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་མགྱོགས་མྱུར་བཙུགས་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞུང་དོན་ཁང་དང་སྒྲོག་འགྲེལ་ཚོགས་པ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་སོགས་བཙུགས་པ་རེད། ལས་ཀའི་དམིགས་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། ཞིང་ཆེན་ཨུ་ལྷན་གྱི《ལག་བསྟར་བསམ་འཆར་》དང《ལས་ཀ་བཀོད་སྒྲིག》གི་རྨང་གཞིའི་ཐོག གྲོང་ཁྱེར་ཨུ་ལྷན་གྱི་སྤྱིའི་ཇུས་གཞིའི་བླང་བྱ་ལྟར། “9+4+4+6”གི་ལས་ཀའི་མ་ལག་གི་ཇུས་གཞི་ཆགས་པ་དང་ལས་འགན་གསལ་ཐོ་ཅན་དང་། འགན་འཁྲི་ཞིབ་ཕྲ་ཅན། དུས་ཚོད་འབུར་ཚིགས་ཅན་བཅས་སུ་གྱུར་བ། རྨང་གཞིའི་ལས་དོན་སྲ་བརྟན་དུ་བཏང་བ། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ། གྲོང་ཁྱེར་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ། གྲོང་ཁྱེར་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ། ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཚ་རླབས་འཕྱུར་བར་སྐུལ་ཁྲིད་བྱ་རྒྱུ། “དངོས་དོན་སྒྲུབ་པ་”ལས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དངོས་མཚོན་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་ལེགས་པོ་བསྐྲུན་པར་འགན་ལེན་བྱས་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།