ཞི་ཅིན་ཕིང་གིས་སྡེ་ཁུལ་ལེགས་པོར་གཉེར་ལ་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཤིག་དགོས་ཟེར།


རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་ཝུན་ཐིན་སྲང་ལམ་སྡེ་ཁུལ་དུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཤུགས་སྣོན་དང་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

ཁོས་ནན་གྱིས་བསྟན་དོན། ངས་ས་གནས་ལ་རྟོག་ཞིབ་བྱེད་དུས་རྟག་ཏུ་ཞིང་སྡེ་དང་གྲོང་ཁྱེར་གྱི་སྡེ་ཁུལ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཇི་འདྲ་ཡིན་པར་བལྟས་པ་ཡིན། སྡེ་ཁུལ་ཞིག་ལེགས་པོར་གཉེར་དགོས་ན། ངེས་པར་དུ་སྟོབས་ཤུགས་ཅན་གྱི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གཞི་རིམ་རྩ་འཛུགས་ཤིག་དགོས་ལ། དེས་སྡེ་ཁུལ་གྱི་ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུ་འཐུས་ཚང་དུ་གཏང་དགོས་ཤིང་། མང་ཚོགས་ཀྱི་རང་སྐྱོང་རང་བཞིན་ལྡན་པའི་བྱ་བར་རྩ་འཛུགས་ལེགས་པོ་བྱ་དགོས་ཟེར།




ལོ་ཙཱ་པ། ལྷ་ཆེན་རྒྱལ།