ཞི་ཅིན་ཕིང་གིས་ཁྱད་ལྡན་ཐོན་ལས་མང་པོ་འཕེལ་རྒྱས་སུ་བཏང་སྟེ། གསར་གཏོད་ལ་བརྟེན་ནས་སྔར་ལས་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་པ་བསྟན།

རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟིར་ཕེབས་ནས་ཐོན་སྐྱེད་ཁང་དང་ཇུས་འགོད་སྡེ་ཁག་ཏུ་ཐོན་རྫས་ཐོན་སྐྱེད་དང་ཇུས་འགོད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

ཞི་ཅིན་ཕིང་གིས་བཤད་རྒྱུར། བོད་ལུགས་ས་གདན་ནི་ཁྱད་ལྡན་ཐོན་ལས་ཤིག་ཡིན་པས། ཁྱེད་ཚོས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་བཟོ་རྩལ་ཟུང་འབྲེལ་སྒོས་ཁྱད་ལྡན་ཅན་དང་སྣ་མང་ཅན་གྱི་ཁྲོམ་རའི་དགོས་མཁོ་དང་མཐུན་པར་བྱ་དགོས། བོད་ལུགས་ས་གདན་ཐོན་ལས་ནི་མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི་ཐོན་ལས་ཤིག་ཡིན་པས། དེར་དབུལ་ཐར་ཕྱུག་འགྱུར་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་ལྡན་པར་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ནུས་པའང་ལྡན། མཚོ་སྔོན་གྱིས་བོད་ལུགས་ས་གདན་ལྟ་བུའི་ཁྱད་ལྡན་ཐོན་ལས་མང་པོ་འཕེལ་རྒྱས་སུ་བཏང་སྟེ། གསར་གཏོད་ལ་བརྟེན་ནས་སྔར་ལས་ལེགས་པའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་པ་བསྟན་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།