ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་བྱེད་པ།

— 【ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ། སྤྱིའི་བླང་བྱ་ལག་བསྟར། སྙིང་སྟོབས་ཞིབ་བཤེར།】

རང་རེའི་དྲ་བའི་འཕྲིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཞིབ་བཤེར་བྱེད་པའི་དམ་འཛིན་བྱེད་སར་བརྩིས་ཏེ། “གཤམ་སྤྲོད་དང་། དོ་དམ། ཞབས་ཞུ་”བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། དམངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཐོ་ཅན་དང་། དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུ་གཞི་གཅིག་ཅན། མཐོ་ཟློས་ཀྱི་དོན་ཚན་སྟབས་བདེ་ཅན། མང་ཚོགས་ཀྱི་དཔྱད་གླེང་རྒྱུན་རྣམ་ཅན་སོགས་ཀྱི་ཐད་བཀག་རྒྱ་ཆུང་དུ་བཏང་བ་དང་དཀའ་གནད་སེལ་བ་དང་། མང་ཚོགས་ཀྱིས་བྱ་བའི་སྒྲུབ་སྐབས་སེམས་ཁྲལ་བྱེད་པའི་བྱ་བ་བཅས་ཤུགས་ཆེན་པོས་ཐག་གཅོད་བྱས་ཡོད།

དམངས་ལ་ཞབས་འདེགས་ཞུ་བའི་གསལ་ཐོ་ཅན་དུ་འགྱུར་བར་བྱ་དགོས། མིང་དང་། རིགས། གཞི་འཛིན་ས། ཨང་སྒྲིག་བཅས“གཅིག་གྱུར་བཞི”ཡི་ཚད་གཞི་ལྟར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་སྲིད་འཛིན་ཆོག་འཐུས་དོན་ཚན8དང་སྤྱི་པའི་ཞབས་ཞུའི་དོན་ཚན182ལ་ཁྱོན་ཡོངས་ནས་གསེད་བཀྲོལ་དང་ཇེ་ལེགས་སུ་བཏང་བ་དང་། དོན་ཚན་བདག་སྤྲོད་ཆ་རྐྱེན་དང་། བྱ་བ་སྒྲུབ་པའི་གོ་རིམ། ལེགས་འགྲུབ་བྱུང་བའི་དུས་ཚད། ལྡོག་འདྲེན་བྱེད་ཐབས། ལྟ་སྐུལ་ཐབས་ལམ་སོགས་ཀྱི་རྒྱུ་རྐྱེན་སྔར་བས་ཚད་ལྡན་དུ་བཏང་སྟེ། བྱ་བ་གཅིག་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དབྱེ་བ་མེད་པར་བདག་སྤྲོད་དང་ཚད་གཞི་གཅིག་མཚུངས་ངང་སྒྲུབ་རྒྱུ་མངོན་འགྱུར་བྱས་པ་རེད།

དམངས་བདེ་ཞབས་ཞུ་གཞི་གཅིག་ཅན་དུ་འགྱུར་བར་བྱ་དགོས་པའི་ཆ་ནས། གཅིག་གྱུར་འཛུགས་སྐྲུན་བྱེད་སྟངས་སྤྱད་དེ་ཞིང་ཆེན་གཅིག་སྡུད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་ལག་ཐོགས་ཁ་པར་གྱི་བགྲོ་གླེང་གཞི་གཅིག་ཅན་གྱི་ལས་སྟེགས་བསྐྲུན་ནས་ལས་ཞུགས་ལས་གཏོད་དང་། སྤྱི་ཚོགས་འགན་སྲུང་། འཇོན་མིའི་་མི་དོན། ངལ་རྩོལ་འབྲེལ་བ་སོགས་མི་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་དོན་ཚན་140ལྷག་བཏོད་ཡོད་པ་རེད། བྱ་བ་སྒྲུབ་མཁན་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་བརྒྱུད་ནས་་བྱ་བ་སྒྲུབ་རྒྱུའི་རེ་ཞུ་དང་། བྱ་བ་སྒྲུབ་པའི་བརྒྱུད་རིམ་འདྲི་རྩད། བྱ་བ་་སྒྲུབ་པའི་འཕེལ་རིམ་ལ་ལྟ་ཞིབ་བཅས་བྱས་ནས་བྱ་བ་སྒྲུབ་པའི་དུས་ཚོད་དང་བྱ་བ་སྒྲུབ་པའི་ཐེངས་གྲངས་ཉུང་དུ་གཏོང་གང་ཐུབ་བྱེད་ཀྱི་ཡོད་པ་རེད།

ཟློས་མཐོ་དོན་ཚན་སྟབས་བདེ་ཅན་དུ་གྱུར་ཡོད། ཁེ་ལས་ཀྱིས་ལས་མི་སྤྱོད་རྒྱུ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ཁེ་ལས་དང་མང་ཚོགས10ཡི་མིག་ལམ་དུ་བཞག་པའི“བྱ་བ་གཅིག”ལ་དམིགས་ནས་སྒྲུབ་གཉེར་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་། དཔང་སྟེགས་རྒྱུ་ཆ་བསྡུ་སྒྲིལ་བྱེད་པ། བྱ་བ་སྒྲུབ་པའི་ཕྱོགས་སྟོན་བཟོ་བ་བཅས་བརྒྱུད་ནས་བརྒྱུད་རིམ་ཧྲིལ་པོར་ཤོར་གཅིག་ལ་བསྒྲུབ་པ། ལས་བཟོ་ལས་འཁྱུར་དང་། ལས་ཤོར་འགན་སྲུང་མ་དངུལ་བསྡུ་ལེན། ལས་རྨས་ངོས་འཛིན་རེ་ཞུ་སོགས་མཐོ་ཟློས་ཞབས་ཞུའི་དོན་ཚན10གཏན་འཁེལ་བྱས་ཏེ། གཏན་འབེབས་བྱས་པའི་སྒྲུབ་གཉེར་དུས་བཅད་ཐད་ཡང་བསྐྱར50%ཡི་དམིགས་ཚད་ཇེ་མགྱོགས་སུ་གཏང་བར་མངོན་འགྱུར་བྱུང་དགོས་ཟེར།

མང་ཚོགས་ཀྱི་གདེང་འཇོག་རྒྱུན་རྣམ་ཅན་དུ་འགྱུར་བ། དྲ་ཐོག་དང་ཡུལ་དངོས་གཉིས་སུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་བྱ་བ་སྤེལ་ཞིང་། བྱ་བ་སྒྲུབ་མཁན་ཁེ་ལས་དང་མང་ཚོགས་ཀྱིས་མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་བགྲོ་གླེང་དང་། མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་གཞི་གཅིག་ཅན་གྱི་ལས་སྟེགས། དྲ་ཐོག་དང་ཡུལ་དངོས་སུ་རྩ་གཉིས་ཨང་བཤར་འབེབས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བྱ་བའི་སྒྲུབ་རིམ་ལ“བཟང་ཞན”གྱི་གདེང་འཇོག་བྱས་ནས་བྱ་བ་སྒྲུབ་མཁན་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏང་ཆོག་གི་ཡོད་པ་རེད། ད་སྔའི་བར་དྲ་ཐོག་གི་མི་ཐེངས་ཁྲི11.3དང་དྲ་ཐོག་གི་མི་ཐེངས་1182ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གདེང་འཇོག་བྱས་པའི་ནང་གདེང་འཇོག་བྱེད་ཚད་98%ཟིན་ཡོད་པ་རེད།

གོམ་སྟབས་རྗེས་མར་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོའི་གྲུབ་འབྲས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་མི་སྤྱི་ཀུང་སིས་ཞབས་ཞུ་མགྱོགས་མྱུར་གཉེར་བ་དང་། དྲ་ཐོག་ནས་ཞོར་གཅིག་ལ་གཉེར་བ། ཞིང་ཆེན་བརྒལ་ནས་གཉེར་བ། ཞིང་ཆེན་བརྒལ་ནས་གཉེར་སྒྲུབ་སོགས་ཀྱི་བཅོས་སྒྱུར་ཐད་མུ་མཐུད་དུ་ཤུགས་རྒྱག་པའི་ཐོག་ནས་མང་ཚོགས་ལ་དེ་བས་ཕན་འབྲས་ཆེ་བ་དང་སྟབས་བདེ་བའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།