ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ།

— 【ལོ་བརྒྱའི་ལམ་བུར་འབད་པས་འཇུག རྒྱང་སྐྱོད་གསར་པ་འདི་ནས་རྩོམ། ཏང་རྒྱུས་སློབ་སྦྱོང་བྱས། བསམ་བློའི་གོ་རྟོགས་སད། དངོས་དོན་ལག་ཏུ་བསྟར། བཟོ་བཀོད་གསར་པ་བཤམས།】

རང་རེའི་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཡན་ཀའོ་གོ་གདན་དྲངས་ཏེ“འོད་སྟོང་འཕྲོ་བའི་ཏང་གི་ལོ་རྒྱུས་ཁྲོད་ཀྱི་མཚོ་སྔོན་གྱི་ལོ་རྒྱུས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་ཟུར་ཁྲིད་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་ཀྲང་ཝུན་ཁུའེ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཀྲེན་ཁྲང་དང་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ཏང་ཡོན་ཡོངས་ཀྱིས་ལྷན་དུ་འཆད་ཁྲིད་ལ་ཉན།

འཆད་ཁྲིད་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་གཙོ་རྐང་དུ་བྱས་ནས་ཏང་གི་ལོ་རྒྱུས་དང་། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་གང་ཞིག་བྱེད་པ། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་ལ་ཉམས་མྱོང་གང་ཞིག་ཡོད་པ་བཅས་ཕྱོགས་གསུམ་ནས་སློབ་སྦྱོང་ནན་ཏན་བྱས་ཏེ་རང་རེའི་ཞིང་ཆེན་དུ་ཏང་འདི་གསར་སྐྱེས་དུས་སྐབས་དང་། འཚོལ་ཞིབ་དུས་སྐབས། འབད་འཐབ་དུས་སྐབས་བཅས་རིམ་བཞིན་གནད་སྨིན་དུས་སྐབས་སུ་སྐྱོད་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཆ་ཚང་ངང་ངོ་སྤྲོད་བྱས་ཡོད། འཆད་ཁྲིད་ཀྱི་བརྗོད་བྱ་གཙོ་བོ་ཁ་གསལ་ཞིང་། གནས་ལུགས་གསལ་པ། བསམ་བློ་གཏིང་ཟབ་པ་བཅས་ཡིན་ཞིང་། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཁྲིད་སྟོན་ཡང་ཡོད་པས། སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་སྔར་བས་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོའི་བྱ་བར་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་ཀྱི་ནུས་པ་དང་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་ཟམ་མི་ཆད་པར་ཟབ་སྤེལ་བྱེད་པའི་ཁྲོད་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་བླངས། ཏང་གི་ལོ་རྒྱུས་སློབ་སྦྱོང་སྔར་བས་ཆ་ཚང་ཞིང་རྒྱུད་རིམ་ལྡན་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་སྒོས། ཏང་གི་ལོ་རྒྱུས་གཙོ་གནད་དུ་འཛིན་པའི་ལོ་རྒྱུས་བཞི་པོའི་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ཏུ་སྤེལ་བ་དང་། ཕུགས་བསམ་དང་དད་སེམས་སློབ་སྦྱོང་དང་། ཏང་གཤིས་བརྟན་པོ་ཤེས་པ། དད་མོས་དང་འགན་འཁྲི་འཁུར་ཤེས་པ་བཅས་ཏན་ཏིག་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་སྲིད་གྲོས་ཀྱི་བྱ་བ་ཁག་ལེགས་པོ་བསྒྲུབ་པའི་བྱེད་ཐབས་སུ་བསྒྱུར་ཏེ། ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་ལ་ལེགས་སྐྱེས་སུ་འབུལ་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།