མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་དངུལ་ཁང་གིས་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ213བསྡུ་རྒྱུ་རེད།

རང་རེའི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་དངུལ་ཁང་ནི་ཞིང་ཆེན་ཡོངས་ནས་ཞབས་ཞུའི་ཁྱབ་ཁོངས་ཆེས་ཆེ་ཞིང་མ་རྩའི་གཞི་རྒྱ་ཆེས་ཆེ་བ། ཚོང་གཉེར་ས་ཚིགས་ཆེས་མང་བ། མང་ཚོགས་དང་འབྲེལ་འདྲེས་ཆེས་ཆེ་བའི་ས་གནས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས་ཞིག་ཡིན་ཞིང་། ད་ཆ་བཅོས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་སྟེ་གན་རྒྱའི་ལམ་ལུགས་ལྟར་ལས་བྱེད་མི་སྣ213བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་ལས་སྒྲུབ་མི་སྣ204དང་ཁ་པར་སྣེ་ལེན་མཁན9འདུ།

གཅིག ཆ་རྐྱེན།

1.ཀྲུང་གོ་གུང་ཁྲན་ཏང་གི་ལམ་ཕྱོགས་དང་སྲིད་ཇུས་ལ་སྲུང་སྐྱོབ་བྱེད་པ།

2.བཅའ་ཁྲིམས་བརྩི་སྲུང་དང་ཞིང་སྡེའི་དངུལ་རྩའི་ལས་དོན་ལ་དགའ་བ།

3.ཕྱོགས་བསྡུས་ནུས་ཚད་ཅུང་མཐོ་ཞིང་གསར་སྐྲུན་གྱི་འདུ་ཤེས་དང་བརྗེ་རེས་ནུས་པ་ཅུང་བཟང་བ།

4.སྐྱེས་གཟུགས་ལེགས་ཤིང་དང་གཟུགས་པོ་བདེ་ཐང་ཡིན་དགོས།

5.ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས།

6.ཁྲིམས་འགལ་གྱི་ཟིན་ཐོ་ཡོད་མི་ཆོག

7.ལོ་ཚད1996ལོའི་ཟླ་དང་པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་དགོས། དངུལ་ཁང་ལས་རིགས་སྟེང་ལས་ཞུགས་བྱས་ནས་ལོ་གཉིས་ཡན་གྱི་བྱ་བའི་ཉམས་མྱོང་ཅན་གྱི་ལོ་ཚད1994ལོའི་ཟླ་དང་པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་ཆོག རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་ཡན་གྱི་ལོ་ཚད1993ལོའི་ཟླ་དང་པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་དགོས།

གཉིས། ཆེད་ལས།

ཆེད་ལས་དངུལ་རྩ་དང་དཔལ་འབྱོར་རིག་པ། ནོར་སྲིད་རིག་པ། རྩིས་གཉེར་རིག་པ། ནོར་དོན་དོ་དམ། རྩིས་བཤེར་རིག་པ། གློག་རྡུལ་ཚོང་དོན། ཁྲིམས་ལུགས་དང་རྩིས་འཁོར་ཚོགས་ཀྱི་ཆེད་ལས་ཡིན་དགོས་ཤིང་། དངུལ་ཁང་ལས་རིགས་སམ་འབྲེལ་ཡོད་ལས་གནས་སྟེང་ལས་ཞུགས་བྱས་ནས་ལོ་གཉིས་ཡན་གྱི་བྱ་བའི་ཉམས་མྱོང་ཅན་ལ་ཆེད་ལས་ཀྱི་ཚད་བཀག་མེད།

གསུམ། མིང་ཐོ་འགོད་པའི་དུས་ཚོད།

1.མིང་ཐོ་དགོད་པའི་དུས་ཚོད2021ལོའི་ཟླ6པའི་ཚེས3ནས15ཉིན་བར།

2.མིང་ཐོ་དགོད་སའི་དྲ་ཚིགས། (http://campus.51job.com/qhnx)

3.ཡིག་རྒྱུགས་ལེན་པའི་དུས་ཚོད། ཁ་པར་གྱི་འཕྲིན་ཡིག་ལམ་ནས་བརྡ་གཏང་རྒྱུ།

4.ཡིག་རྒྱུགས་ཀྱི་ནང་དོན། ཕྱོགས་བསྡུས་ནུས་ཚད་རྒྱུགས་གཞི་དང་འབྲེལ་ཡོད་ཆེད་ལས་ཤེས་བྱའི་རྒྱུགས་གཞི།

5.ཐོབ་ཐང་ཞིབ་བཤེར་སྐབས་གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ། ཐོབ་ཐང་ལག་ཁྱེར་དང་མཐར་ཕྱིན་འཛིན་ཡིག བསླབ་གནས་བཅས་ཀྱི་མ་ཡིག་དང་བསྐྱར་དཔར། སློབ་གསོ་པུའུ་བསླབ་གནས་དཔང་ཡིག་གློག་རྡུལ་ཐོ་འགོད་རེའུ་མིག མི་དམངས་དངུལ་ཁང་གིས་བཏོན་པའི་ཉེ་བའི་ཟླ་གསུམ་རིང་གི《མི་སྒེར་ཡིད་རྟོན་ཆ་འཕྲིན་སྙན་ཞུ》དང《ཁྲིམས་འགལ་ཟིན་ཐོ་མེད་པའི་བདེན་དཔང་ཡི་གེ》དེ་མིན་འབྲེལ་ཡོད་ཀྱི་བདེན་དཔང་རྒྱུ་ཆ་བཅས་གྲ་སྒྲིག་བྱ་དགོས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།