གྲུབ་འབྲས་བཟང་པོ་འདི་ལ་ལན་གཅིག་གསོན་དང་།

རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ས་གནས་ཁག་གིས་ལོ་གསུམ་རིང་གི་ཆེད་དོན་འཐབ་རྩོད་ཀྱི་རྒྱལ་ཁའི་ཉམས་མྱོང་དང་བྱ་ཐབས་ཡག་པོ་ཞུན་བརྡར་དང་ཕྱོགས་སྡོམ་བྱས་ཏེ། ཕུགས་ཕན་དང་ཡུན་རིང་གི་སྒྲིག་གཞི་ཆགས་པར་བྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ལས་སྟེགས་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་བཏང་ནས་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་དེ་སྒྲིག་གཞི་ཅན་དང་ཆ་འཕྲིན་ཅན། ཚད་ལྡན་ཅན་དུ་འགྱུར་བར་ཁག་ཐེག་བྱེད་བཞིན་ཡོད།


མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་སྟག་ཐར།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་ཀྱང་མགོ་ཁུངས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། གྱོད་དོན་ལ་གཞི་ཚུགས་ཏེ་བཅོས་སྐྱོང་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུད་འདེད་བཏང་བ་མ་ཟད། བློ་རྩ་བརྟན་པོས་ནག་ཚོགས་སྟོབས་ཤུགས་སྐྱེད་སའི་གཤིན་ས་དྲུང་ནས་བསློག་ཡོད་པས། ད་ལྟ་ནག་འཇོམས་ངན་སེལ་ལ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད་ཅིང་། ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་སོགས་ཀྱི་ཕྱོགས་ལའང་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པར་འབད་པ་ལྷུན་ལེན་བྱེད་བཞིན་མཆིས།

ཏང་གི་འགོ་ཁྲིད་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་གཞི་རྩའི་འགན་ལེན་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཚུགས་པའི་ལོ་འདིར། ས་གནས་ཁག་གི་སྲིད་ཁྲིམས་དཔུང་སྡེས་ཏང་གི་འགོ་ཁྲིད་འོག་མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས་ཏེ། མི་དམངས་ཀྱི་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་ནི་རྩ་བའི་དམིགས་འབེན་དུ་བཟུང་ཞིང་། མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་དང་། རེ་སྒུག་གསར་པར་ལན་ཆ་ཧུར་ཐག་བྱེད་བཞིན་ཡོད་པར་མ་ཟད། ཁྲིམས་སྐྱོང་ཁྱབ་ཁོངས་ནང་མི་དམངས་མང་ཚོགས་ཀྱིས་ལན་ཆ་དྲག་པོ་བྱེད་པའི་གནད་དོན་ལ་མ་ལག་ལྡན་པའི་ཞིབ་འཇུག་འཆར་འགོད་དང་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཤུགས་ཆེར་གཏོང་བ་དང་། ཁྲིམས་སྐྱོང་གི་སྒོ་ནས་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་རྒྱུར་འགན་སྲུང་བྱེད་བཞིན་ཡོད།