ཧོར་གྲོང་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཁྱབ་ལས་བསྟོད་བསྔགས་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས2020ལོར་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་འགན་སྲུང་དངོས་འབེབས་ཀྱིས་མཁྲེགས་གཏོར་ཆེན་པོ་གསུམ་གྱི་གཡུལ་འཐབ་ཀྱིས་གཤམ་སྤྲོད་དོ་དམ་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཤིང་། གསར་གཏོད་འཁོར་སྒུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་ལག་བསྟར་དངོས་འབེབས་ཀྱིས་གྲུབ་འབྲས་མངོན་གསལ་བླངས་པའི་ས་ཁུལ216ལ་ལྟ་རྟོག་ཞིབ་བཤེར་ལ་སྐུལ་འདེད་བཏང་ཡོད། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གྲུབ་འབྲས་ཅུང་མངོན་གསལ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གྲུབ་འབྲས་དེ་ཅུང་མངོན་གསལ་གྱི་ས་གནས་ཤིག་ཡིན་པས་གཟེངས་བསྟོད་ཐོབ་པའི་ས་ཁུལ18ཁྲོད་ཀྱི་གཅིག་ཡིན། 2021ལོར་ཧོར་གྲོང་རྫོང་གི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གྱི་ཀྲུང་དབྱང་ནོར་སྲིད་ཁ་གསབ་མ་དངུལ་གྱི་བགོ་བཤའི་ཁྲོད་བྱ་དགའི་མ་དངུལ་སྒོར་ཁྲི500སྟེར་རྒྱུ་ཡིན་པ་རེད།

2016ལོའི་ཟླ1པོར། ཧོར་གྲོང་རྫོང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྨན་བཅོས་བཅོས་སྒྱུར་གཞུང་སྒྲུབ་གྱིས་རྒྱལ་ཡོངས་ཀྱི་རྫོང་རིམ་པའི་གཞུང་གཉེར་སྨན་ཁང་ཕྱོགས་བསྡུས་བཅོས་སྒྱུར་དཔེར་མཚོན་རྫོང་དུ་གཏན་ཁེལ་བྱས་རྗེས། ཧོར་གྲོང་རྫོང་གིས་འགོ་ཁྲིད་ཀྱི་རྩ་འཛུགས་ལ་ཤུགས་སྣོན་དང་ནོར་སྲིད་ཀྱི་གཏོང་ཚད་ལ་ཤུགས་སྣོན། འཇོན་མིའི་ནང་འདྲེན་ལ་ཤུགས་སྣོན། འཇོན་མིའི་གསབ་སྦྱོང་གི་ཚད་གཞི་ལ་ཤུགས་སྣོན། ཆེད་ལས་ཚན་ཁག་གཙོ་བོའི་འཛུགས་སྐྲུན་ལ་དོ་སྣང་། ཞིང་ཆེན་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་བེད་སྤྱོད་གང་ལེགས་ཀྱིས་རྫོང་དང་ཡུལ་ཚོ་རིམ་པའི་སྨན་བཅོས་སྒྲིག་གཞིའི་འཛུགས་སྐྲུན་དེ་རིམ་སྤར་མཐོར་འདེགས་སུ་བཏང་ཡོད། སྨན་བཅོས་ཞབས་ཞུའི་གཙོ་གནད་ཀྱི་དམིགས་ཚད་ཀྱིས་རིམ་སྤར་གསུམ་དང་མར་འགྲིབ་གསུམ། མཐོར་འདེགས་གཉིས་གསལ་པོར་མངོན་དུ་བཅུག རིམ་སྤར་གསུམ་ནི་རྫོང་རིམ་པའི་གཞུང་གཉེར་སྨན་ཁང་གི་སྒོ་བསྟེན་མི་སྣའི་ཁ་གྲངས་དང་ཞག་སྡོད་མི་སྣའི་ཁ་གྲངས། སྨན་བཅོས་ཡོང་འབབ་དེ་སྨན་བཅོས་བཅོས་སྒྱུར་མ་བྱས་པའི་ཡར་སྔོན་བཅས་ལས་སོ་སོ62.50%དང་8.38% 36.73%ལ་འཕར་ཡོད། འགྲིབ་པ་གསུམ་ནི་སྨན་བཅོས་རིན་དངུལ་གྱི་འཕར་ཚད་དེ་ནས25.5%ལ1.67%མར་འགྲིབ་པ་དང་། སྨན་རྫས་ཀྱི་ཟིན་ཚད་དེ33.5%ནས25.9%ལ་འགྲིབ་ཡོད། སྒོར་བརྒྱའི་སྨན་བཅོས་ཡོང་འབབ་ཁྲོད་ཟད་གྲོན་དུ་བཏང་པའི་འཕྲོད་བསྟེན་རྒྱུ་ཆ་དེ་སྒོར23.6ནས་སྒོར19.9ལ་འགྲིབ་ཡོད། མཐོར་འདེགས་གཉིས་ནི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཞབས་ཞུའི་སྒོ་བསྟེན་མྱུར་སྐྱོབས་ཁང་གི་མི་གྲངས་ཀྱི་ཟིན་ཚད་དེ་སྨན་བཅོས་བཅོས་སྒྱུར་མ་བྱས་པའི་ཡར་སྔོན་གྱི26.8%ནས34.73%ལ་འཕར་ཡོད། རྫོང་ཁོངས་ཀྱི་ནད་བཅོས་ཚད་གཞི་དེ་སྨན་བཅོས་བཅོས་སྒྱུར་ཡར་སྔོན་གྱི83.1%ནས98.13%ལ་མཐོར་འདེགས་བྱུང་ཡོད།

དེ་དང་ཆབས་ཅིག སྨན་བཅོས་འགོག་སྲུང་མཉམ་བསྲེས་ལ་སྐུལ་འདེད་བཏང་ཞིང་། རིམས་འགོག་ལྟེ་གནས་དང་བུད་མེད་བདེ་སྲུང་ལྟེ་གནས་ཀྱིས་སྨན་བཅོས་མཉམ་སྤྱོད་འཛུགས་སྐྲུན་མཉམ་བསྲེས་བྱས་ཏེ།བདེ་ཐང་མཉམ་སྤྱོད་ངོ་བོ་རྩ་འཛུགས་སྒོས་སྨན་བཅོས་ངོ་བོ2གསར་སྐྲུན་གྱིས་རྒྱང་བསྒྱུར་བརྙན་རིས་དང་རྒྱང་བསྒྱུར་སྙིང་རིས་སོགས་ལྟེ་གནས17གསར་དུ་བཙུགས་ལ། རྫོང་རིམ་པའི་སྨན་ཁང་དང་ཞིང་ཆེན་ཕྱི་ནང་གི་རིམ་གསུམ་སྨན་ཁང200ལ་རྒྱང་བསྒྱུར་སྨན་བཅོས་ཤར་གཏོང་བྱས་ཡོད་པས། བརྡ་འཕྲིན་གང་སར་བརྒྱུད་སྤྲོད་དང་ནད་པའི་འགྲོ་འདུག་ཉུང་བ་མངོན་འགྱུར་བྱས། མཁར་གྲོང་སྡོད་དམངས་ཀྱིས་རྫོང་ཁོངས་སུ་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལ་ཁེ་ཕན་ཐོབ་པས་མང་ཚོགས་ཀྱིས་ནད་ལ་སྟོན་རྒྱུར་སྟབས་བདེ་བསྐྲུན། ཧོར་གྲོང་རྫོང་ཁོངས་ཀྱི་ཧུའུ་ཧྲི་དང་ནན་མོན་འགག ཐའེ་ཙི། ལེན་ཁྲོན། ཏུང་ཀུའུ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་ཀྱིས་རྒྱལ་ཡོངས་མང་ཚོགས་ཀྱི་འདོད་བློ་ཚིམ་པའི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གསར་སྐྲུན་བྱས། རྩ་བའི་ཆ་ནས་ནད་ཚབས་ཆེན་མ་ཡིན་པ་སྡེ་བ་ནས་གཞན་ལ་འགྲོ་མི་དགོས་པ་དང་རྒྱུན་མཐོང་ནད་རིགས་ཡུལ་ཚོ་ལས་བརྒལ་མི་དགོས་པ། ནད་ཚབས་ཆེན་རྫོང་ལས་གཞན་ལ་འགྲོ་མི་དགོས་པའི་དམིགས་འབེན་བྱུང་ཡོད་པས། མང་ཚོགས་ཀྱིས་དངོས་གནས་རང་ཁྱིམ་གྱི་སྒོ་ཁ་རུ་ནད་ལ་སྟོན་ཐུབ་པར་གྱུར་ལ་སྨན་བཅོས་ལེགས་པོ་ཞིག་ཀྱང་བྱེད་ཐུབ་པ་མངོན་འགྱུར་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།