ཆབ་ཆ་གྲོང་རྡལ་གྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། དཔལ་འབྱོར་སྟོབས་ལྡན་ཅན་གྱི་གྲོང་རྡལ་སྲིད་འཛིན་དོ་དམ་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་ཟབ་སྤེལ་དང་རྣམ་པ་གསར་པའི་གྲོང་རྡལ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་ཆེད། ཆབ་ཆ་གྲོང་རྡལ་ཏང་ཨུས་ཞིབ་འཇུག་བྱས་པ་བརྒྱུད། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་མི་སྣ་བསྡུ་བའི་བརྡ་ཐོ་གཤམ་གསལ།

གཅིག ལས་གནས།

ལས་བྱེད་མི་སྣ3བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་དམངས་ཕན་ཞབས་ཞུ་ལྟེ་གནས་སྨན་བཅོས་ཉེན་སྲུང་གི་ལས་གནས་སྟེང་མི1དང་རྒན་གསོའི་ཉེན་སྲུང་གི་ལས་གནས་སྟེང་མི1། ཕྱོགས་བསྡུས་འདུམ་སྒྲིག་ཚན་ཁག་གི་ལས་གནས་སྟེང་མི1བཅས་བསྡུ་རྒྱུ་རེད།

གཉིས། ཆ་རྐྱེན།

1.བཅའ་ཁྲིམས་བརྩི་སྲུང་དང་ཀུན་སྤྱོད་ལེགས་པ། ལས་ལ་བརྩོན་ཞིང་ཁྲིམས་འགལ་གྱི་ཟིན་ཐོ་ཡོད་མི་ཆོག

2.གསེར་ཆེན་རྫོང་གི་ཁྱིམ་ཐོ་ཡིན་དགོས་ཤིང་། ལོ30ནས45མན་ཡིན་དགོས།

3.གཟུགས་པོ་བདེ་ཐང་དང་བྱ་བར་ཁག་ཁུར་ཡོད་དགོས།

4.ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས།

5.ཡིག་རྩལ་ནུས་པ་ཅུང་ལྡན་དགོས་ཤིངWordདངexcelསོགས་གཞུང་སྒྲུབ་ཁང་གི་མཉེན་ཆས་ལ་བྱང་ཆ་ལྡན་དགོས།

6.ནོར་སྲིད་དང་རྩིས་གཉེར་པའི་ཆེད་ལས་ཡིན་དགོས་ཤིང་། བོད་རྒྱ་སྐད་གཉིས་ཤེས་པ་དང་བྱ་བའི་ཉམས་མྱོང་ཅན་ལ་དམིགས་བསལ་ཡོད།

གསུམ། གསོལ་ཐང་།

ཟླ་རེར་ཟླ་ཕོགས་སྒོར4000ཡོད། (ཉེན་སྲུང་དངུལ་གསུམ་ནང་དུ་འདུ།)

བཞི། མིང་ཐོ་འགོད་པའི་དུས་ཚོད་དང་ས་གནས།

1.མིང་ཐོ་དགོད་པའི་དུས་ཚོད2021ལོའི་ཟླ6པའི་ཚེས2ནས4ཉིན་གྱི་ཆུ་ཚོད18:00བར།

2.མིང་ཐོ་དགོད་སའི་ས་གནས། ཆབ་ཆ་གྲོང་རྡལ་སྲིད་གཞུང་གི་སུམ་ཐོག་ལས་བསྡུའི་གཞུང་སྒྲུབ་ཁང་།

3.གྲ་སྒྲིག་བྱེད་དགོས་པའི་རྒྱུ་ཆ། ཁྱིམ་ཐོ་དང་ཐོབ་ཐང་ལག་ཁྱེར། མཐར་ཕྱིན་འཛིན་ཡིག དེ་མིན་འབྲེལ་ཡོད་དཔང་ཡིག་གི་མ་ཡིག་དང་བསྐྱར་དཔར། མ་གདན་དམར་པོའི་ཚོན་ལྡན་པར་ཆུང4(2寸)བཅས་གྲ་སྒྲིག་བྱ་དགོས།

4.བློ་འདྲི་བྱ་ཡུལ། 15597359123ཡང་ན13369740003།

ཆབ་ཆ་གྲོང་རྡལ་ལས་བྱེད་མི་སྣ་བསྡུ་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་ནས།

2021ལོའི་ཟླ6པའི་ཚེས1ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།