《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》རྩོམ་སྒྲིག་བྱ་བ་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》སྒྲིག་རྩོམ་བྱ་བ་ཟླ5ཚེས28ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མཐོ་སྒང་ཚན་རིག་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་དུ་འགོ་བརྩམས།

《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》རྩོམ་སྒྲིག་འགོ་རྩོམ་པའམ《རྩོམ་སྒྲིག་རྩ་འཛིན》ཐད་བགྲོ་གླེང་བྱེད་པའི་ཚུལ།

ཤེས་གསལ་ལྟར་ན། 《བོད་ཀྱི་རིག་གནས་ལོ་རྒྱུས》ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྣམ་གྲངས་འཛུགས་པར་མོས་མཐུན་བྱུང་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཚན་ཞིབ་ལས་གཞི་གལ་ཆེན་འདིའི་འགན་འཁུར་ཏེ། བོད་ཀྱི་རིག་གནས་བྱུང་འཕེལ་གྱི་བརྒྱུད་རིམ་ཧྲིལ་བོ་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དུ་རྒྱས་བཤད་གནང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་གཞི་མཐུན་འདུ་ཤེས་བསྐྱེད་ཕྱིར་སྤེལ་བ་ཞིག་རེད།

《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》ནི《བོད་ཀྱི་རིག་གནས་ལོ་རྒྱུས》ཀྱི་བམ་པོ་ཁག་བརྒྱད་གྲས་ཀྱི་གཅིག་ཡིན་པ་མ་ཟད། གཞན་ད་དུང་སྔ་དུས་ཀྱི་ལོ་རྒྱུས་གླེང་བའི་བམ་པོ་དང་། བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་གླེང་བའི་བམ་པོ། སུང་རྒྱལ་རབས་དུས་ཀྱི་ལོ་རྒྱུས་གླེང་བའི་བམ་པོ།ཡོན་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ཡིག་ཚང་སྐོར། ཆིང་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ཡིག་ཚང་སྐོར། དེང་རབས་ཀྱི་ལོ་རྒྱུས་སྐོར་བཅས་འདུ། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུས་ལྟར་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དེ་སྔའི་སློབ་སྤྱི་གཞོན་པ་རྒན་བཀྲ་བྷས《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》ཅེས་པའི་ལོ་རྒྱུས་རྩོམ་སྒྲིག་གི་གཙོ་འགན་རྩོམ་སྒྲིག་པའི་འགན་གནང་།

《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》རྩོམ་སྒྲིག་གི་བྱ་བ་དངོས་སུ་འགོ་རྩོམ་ནས་《རྩོམ་སྒྲིག་རྩ་འཛིན》ལ་གྲོས་སྡུར་བྱེད་པའི་ཚུལ།

རྒན་བཀྲ་བྷ་ལགས་ཀྱིས་ངོ་སྤྲོད་ལྟར་ན། 《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》ཞེས་པར་ཐོག་མར་ལེའུ་བཅུ་བཞི་དང་ས་བཅད་ལྔ་ཕྱེ་ཡོད། དེབ་དེ་ཞིབ་འཇུག་ལས་གཞི་བརྒྱུད་མེན་གོ་སྐབས་སུ་བོད་ཀྱི་རིག་གནས་དར་སྤེལ་དང་མི་རིགས་གཞན་དག་དང་ས་ཁུལ་གཞན་དག་བར་གྱི་འགྲོ་འོང་།སྤེལ་རེས།མཉམ་འདྲེས་ཀྱི་འབྲེལ་བ་ཆགས་སྟངས་དང་། བོད་ཀྱི་རིག་གནས་ཀྱི་ནང་དོན་གཙོ་བོ་དང་གཞི་རྩའི་ཁྱད་ཆོས་བཅས་ཚུལ་ག་འདྲ་ཡིན་པ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་བྱུང་རིམ་ལ་ཕྱོགས་ཡོངས་ནས་ཆ་ཚང་བ་ཞིག་ཕྱིར་དྲན་བྱས་ནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་གཞི་རྩའི་ཉམས་མྱོང་ལ་འཚོལ་ཞིབ་དང་སྟངས་འཛིན་བཟང་པོ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ངོས་འཛིན་དང་གདེང་འཇོག་གི་ཚད་ཇེ་དྲག་ཏུ་བཏང་སྟེ། བོད་རིག་པའི་ཞིབ་འཇུག་ལ་འཇོན་པའི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། རྒྱལ་ཡོངས་ཀྱི་བོད་རིག་པ་སྤྱི་ཡོངས་ཀྱི་ཞིབ་འཇུག་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ལམ་ནས་བོད་དང་དེ་བཞིན་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་བསམ་པའི་དཔལ་ཡོན་དང་རིག་གནས་འཛུགས་སྐྱོང་ལ་ཞབས་འདེགས་ཙམ་ཞུ་ཆེད་དང་།དུས་རབས་གསར་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་འདོན་ཐད་གྲ་སྒྲིག་བྱེད་པའི་ཚོད་ལྟ་ཞིག་ཡིན་ཟེར།

མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆ་ལྟེ་གནས་སུ་ཉར་པའི་དཔེ་ཆ།

《བོད་ཀྱི་རིག་གནས་ལོ་རྒྱུས་ལས་མེན་གོ་དེབ་ཐེར》རྩོམ་སྒྲིག་བྱེད་པ་ལ་མཱར་ཁེ་སི་རིང་ལུགས་ཀྱི་གཏན་ཚིགས་རིགས་པ་དང་དངོས་གཙོ་རིང་ལུགས། ལོ་རྒྱུས་དངོས་གཙོ་རིང་ལུགས་བཅས་ཀྱི་ལྟ་བ་དང་བྱེད་ཐབས་བེད་སྤྱོད་གང་ལེགས་གཏང་རྒྱུ་དང་མ་ཟད། ཕྱོགས་སོ་སོའི་ཞིབ་འཇུག་གི་གྲུབ་འབྲས་ལུང་དུ་བཀོད་དེ་ལས་ཀ་འདི་ལེགས་འགྲུབ་འབྱུང་བར་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་རེད། ཐེངས་འདིའི་ཞིབ་འཇུག་གྲུབ་འབྲས་ནི་བོད་ལྗོངས་དང་མེས་རྒྱལ་ཀྱི་ནང་ལོགས་ས་ཁུལ་བར་གྱི་འབྲེལ་འདྲིས་ལོ་རྒྱུས་དང་དེ་ལ་བརྟེན་ནས་ཐེབས་པའི་ཤུགས་རྐྱེན་སྔོག་འདོན་ཐུབ་པར་ཕན་ཆེ་ལ། རྒྱལ་ཁབ་ཕྱི་ནང་གིས་བོད་ཀྱི་རིག་གནས་ལ་ངོས་འཛིན་གསལ་པོ་མེད་པ་རྣམས་གསལ་བོར་བཟོ་བ་དང་། བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་། དམར་པོའི་ཡུལ་སྐོར་ཐོན་ཁུངས་དར་སྤེལ་གཏོང་བ་སོགས་ལ་ཕན་ཆེའོ། །

ཁོན་ཐར་འཚོས་བསྒྱུར།