མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི“5·22”ཡོམ་འགོག་རྒུད་སྐྱོབ་ཀྱི་ཞལ་འདེབས་དངོས་དངུལ་དང་ལེན་བྱེད་པར་བཏང་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། 2021ལོའི་ཟླ5པའི་ཚེས22ཉིན་གྱི་པེ་ཅིང་ཆུ་ཚོད02དང་སྐར་མ04སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ལ་རིམ་པ7.4ཅན་གྱི་ས་ཡོམ་བྱུང་སྟེ་ཡོམ་ཁུལ་མི་དམངས་ཀྱི་ཚེ་སྲོག་དང་ཐོན་སྐྱེད་འཚོ་བར་གནོད་འཚེ་ཚབས་ཆེན་ཐེབས་པ་རེད།

ས་ཡོམ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གདེང་འཇོག་ཚད་མཐོན་པོ་གནང་སྟེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཡོམ་འགོག་རྒུད་སྐྱོབ་ཀྱི་ཆེད་དོན་བྲེལ་མྱུར་ཚོགས་འདུ་བསྡུས་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཀོད་སྒྲིག་བྱས་ཤིང་། སྤྱི་ཚོགས་ལས་རིགས་སོ་སོས་མྱུར་དུ་དམངས་སེམས་གཅིག་མཐུན་སྒོས་ཡོམ་འགོག་རྒུད་སྐྱོབ་ཀྱི་དམག་འཐབ་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

ཡོམ་ཁུལ་གྱི་ཡོམ་འགོག་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱ་ཆེད། ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས《སྤྱི་ཚོགས་ལས་རིགས་སོ་སོས་ཕུལ་བའི་ཞལ་འདེབས་དངོས་དངུལ་དང་ལེན་བྱེད་པར་གྲོས་མཐུན་བྱུང་བའི་སྤྱི་བསྒྲགས་ཡི་གེའི》བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་རྒྱལ་ཁབ་ཕྱི་ནང་གི་བརྩེ་སེམས་མི་སྣ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཞལ་འདེབས་ཕུལ་བའི་དངོས་དངུལ་དང་ལེན་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞལ་འདེབས་ཆ་འཕྲིན་ཁྱབ་སྒྲོག་སྟེགས་བུ་བརྒྱུད་ནས་དུས་ལྟར་སྤྱི་བསྒྲག་བྱས་ཏེ། ཡོམ་ཁུལ་མི་དམངས་སྔ་མོ་ནས་གནོད་འཚེ་ལས་རྒྱལ་བ་དང་དཀའ་ཁག་ལས་ཐར་བ། བསྐྱར་སྐྲུན་སླར་གསོ་བྱེད་པར་རོགས་རམ་བྱས་ནས། ཡོམ་འགོག་རྒུད་སྐྱོབ་ལ་རྒྱལ་ཁ་ཐོབ་པར་ནུས་ཤུགས་གདོན་རྒྱུ་རེད།

ཞལ་འདེབས་དངུལ་དང་ལེན་ལས་ཁུངས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ།

དངུལ་བྱང་ཨང་གྲངས། 63001513737050016350

དངུལ་བྱང་ལས་ཁུངས། འཛུགས་སྐྲུན་དངུལ་ཁང་། (建行西宁市北大街支行)

ཞལ་འདེབས་དངུལ་དང་ལེན་ལས་ཁུངས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ།

དངུལ་བྱང་ཨང་གྲངས། 0712201000369620

དངུལ་བྱང་ལས་ཁུངས། མཚོ་སྔོན་དངུལ་ཁང་། (青海银行中心广场支行)

ཞལ་འདེབས་དངུལ་དང་ལེན་ལས་ཁུངས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ།

དངུལ་བྱང་ཨང་གྲངས། 82010000000709863

དངུལ་བྱང་ལས་ཁུངས། ཞིང་ལས་དངུལ་ཁང་། (西宁农商银行北大街支行)

དངོས་ཆས་ཞལ་འདེབས་ཀྱི་ཁ་པར་ཨང་གྲངས། 0971-8252284

སྒོར་མོ་ཞལ་འདེབས་ཀྱི་ཁ་པར་ཨང་གྲངས། 0971-8252064

བརྙན་སྐྱེལ་ཨང་གྲངས།(传真) 0971-8252292

ཞལ་འདེབས་ཕུལ་སའི་རྩ་གཉིས་ཨང་བཤེར།

ལོ་ཙཱ་པ། ལྷ་ཆེན་རྒྱལ།