སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན་འདེམས་སྐོང་བྱེད་པའི་བརྡ་ཐོ།

མཚོ་སྔོན་ཞིང་ཆེན་ཡོའུ་ཐཱེན་སློབ་གསོ་དོ་དམ་ལྟེ་གནས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་ཅིང་། སློབ་གྲྭའི་འཛུགས་སྐྲུན་དང་དོན་ལས་ལས་ཁུངས་ཀྱི་མི་དོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར། མཚོ་སྔོན་ཞིང་ཆེན་ཡོའུ་ཐཱེན་སློབ་གསོ་དོ་དམ་ལྟེ་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་དགེ་རྒན6འདེམས་སྐོང་བྱེད་པའི་ཐད་ཀྱི་ཞིབ་ཕྲའི་བརྡ་ཐོ་གཤམ་གསལ།

གཅིག ཁྱབ་ཁོངས།

1.སློབ་གསོ་དང་སློབ་ཁྲིད་ཀྱི་ལས་གནས་དང་མཐུན་པའི་དགེ་རྒན6འདེམས་སྐོང་བྱ་རྒྱུ།

2.འདེམས་སྐོང་ཁྱབ་ཁོངས་རྒྱལ་ཡོངས་ལ་ཁ་ཕྱོགས་པ།

3.འབྲེལ་ཡོད་བསླབ་གནས་དང་དགེ་རྒན་གྱི་འཛིན་ཡིག་ཡོད་པའི་ལས་ཐོག་དགེ་རྒན་ཡིན་དགོས།

4.ཆེད་ལས་ཀྱི་ལག་རྩལ་རིམ་པ་བཅུ་གཅིག་དང་བཅུ་གཉིས་ཡིན་དགོས།

གཉིས། ཆ་རྐྱེན།

1.ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་བྱ་བར་ཁག་ཁུར་ཡོད་པ། བཅའ་ཁྲིམས་བརྩི་སྲུང་དང་སློབ་གསོའི་ལས་དོན་ལ་དགའ་བ།

2.ལོ45མན(1975.5.15རྗེས་ནས་སྐྱེས་པ) དང་གཟུགས་པོ་བདེ་ཐང་ཡིན་དགོས།

3.ཀུན་སྤྱོད་བཟང་ཞིང་ལས་ལ་བརྩོན་པ། གཞན་དོན་གཉེར་ཞིང་རང་ནུས་འབུལ་བར་དགའ་བ། སློབ་ཁྲིད་ཀྱི་ནུས་པ་ལེགས་པ་བཅས་ཀྱི་ཆ་རྐྱེན་ལྡན་དགོས།

གསུམ། ཆེད་ལས་ཀྱི་ཆ་རྐྱེན།

1.མཐོ་འབྲིང་གི་རྫས་འགྱུར་དགེ་རྒན1འདེམས་སྐོང་བྱ་རྒྱུ།(བྱ་བ་སྒྲུབ་ཡུལ་ཏུན་ཧོང་།)མཐོ་འབྲིང་གི་དགེ་རྒན་འཛིན་ཡིག་ཡོད་པ་དང་དངོས་གཞི་བསླབ་གནས་ལྡན་དགོས། སློབ་ཁྲིད་བསླབ་ཚན་དང་ཆེད་ལས་ཁྲོད་སྣ་གཅིག་ལས་གནས་ཆ་རྐྱེན་དང་མཐུན་ཚེ་མིང་ཐོ་འགོད་ཆོག

2.སློབ་ཆུང་གི་དབྱིན་ཡིག་དགེ་རྒན1འདེམས་སྐོང་བྱ་རྒྱུ།(བྱ་བ་སྒྲུབ་ཡུལ་ཏུན་ཧོང་།) སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་གི་དགེ་རྒན་འཛིན་ཡིག་གང་རུང་ཡོད་པ་དང་དངོས་གཞི་བསླབ་གནས་ལྡན་དགོས། སློབ་ཁྲིད་བསླབ་ཚན་དང་ཆེད་ལས་ཁྲོད་སྣ་གཅིག་ལས་གནས་ཆ་རྐྱེན་དང་མཐུན་ཚེ་མིང་ཐོ་དགོད་ཆོག

3.སློབ་ཆུང་གི་དབྱིན་ཡིག་དགེ་རྒན1འདེམས་སྐོང་བྱ་རྒྱུ།(བྱ་བ་སྒྲུབ་ཡུལ་ན་གོར་མོ།) སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་གི་དགེ་རྒན་འཛིན་ཡིག་གང་རུང་ཡོད་པ་དང་དངོས་གཞི་བསླབ་གནས་ལྡན་དགོས། སློབ་ཁྲིད་བསླབ་ཚན་དང་ཆེད་ལས་ཁྲོད་སྣ་གཅིག་ལས་གནས་ཆ་རྐྱེན་དང་མཐུན་ཚེ་མིང་ཐོ་འགོད་ཆོག

4.སློབ་ཆུང་གི་གླུ་དབྱངས་དགེ་རྒན1འདེམས་སྐོང་བྱ་རྒྱུ།(བྱ་བ་སྒྲུབ་ཡུལ་ཏུན་ཧོང་།) སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་གི་དགེ་རྒན་འཛིན་ཡིག་གང་རུང་ཡོད་པ་དང་དངོས་གཞི་བསླབ་གནས་ལྡན་དགོས། སློབ་ཁྲིད་བསླབ་ཚན་དང་ཆེད་ལས་ཁྲོད་སྣ་གཅིག་ལས་གནས་ཆ་རྐྱེན་དང་མཐུན་ཚེ་མིང་ཐོ་འགོད་ཆོག

5.སློབ་ཆུང་གི་ཆ་འཕྲིན་ལག་རྩལ་དགེ་རྒན2འདེམས་སྐོང་བྱ་རྒྱུ།(བྱ་བ་སྒྲུབ་ཡུལ་ཏུན་ཧོང་།) སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་གི་དགེ་རྒན་འཛིན་ཡིག་གང་རུང་ཡོད་པ་དང་དངོས་གཞི་བསླབ་གནས་ལྡན་དགོས། སློབ་ཁྲིད་བསླབ་ཚན་དང་ཆེད་ལས་ཁྲོད་སྣ་གཅིག་ལས་གནས་ཆ་རྐྱེན་དང་མཐུན་ཚེ་མིང་ཐོ་འགོད་ཆོག

བཞི། མིང་ཐོ་འགོད་སྟངས།

1.དྲ་ཐོག་ནས་མིང་ཐོ་འགོད་སའི་དྲ་ཚིགས། (http://www.qhpta.com)

2.ཡུལ་དངོས་ནས་མིང་ཐོ་འགོད་སའི་ས་གནས། ཀན་སུའུ་ཏུན་ཧོང་། (甘肃省敦煌市七里镇青海油田教育管理中心人力资源部)

3.མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ5པའི་ཚེས25ནས2021ལོའི་ཟླ6པའི་ཚེས2ཉིན་བར།

4.འབྲེལ་གཏུག་བྱ་ཡུལ། 18909376609

ལྔ། བློ་འདྲི་བྱ་ཡུལ།

བློ་འདྲི་ཁ་པར། 0937-8933132

ལྟ་རྟོག་ཁ་པར། 0971-6310502 0937-8932119

ལོ་ཙཱ་པ། ལྷ་ཆེན་རྒྱལ།