ཡོམ་ཁུལ་མང་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་ཡོད་པར་གྱུར།

རིམ་པ་དང་པོར་འགྲོ་བཞིན་པའི་དར་ལག་རྫོང་གི་མི་དམངས་ཉེན་རྟོག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས22ཉིན་ས་ཡོམ་བྱུང་སྐབས་རྨ་སྟོད་རྫོང་ཕྲ་ལི་མ་གྲོང་རྡལ་མངགས་གཏོང་ཁང་གི་གཞུང་སྒྲུབ་ཐོག་ཁང་ལ་གཡོ་སྐྱོམས་ཆེན་པོ་ཐེབས་པ་དང་ལས་རེས་བྱེད་བཞིན་པའི་སའོ་ཀྲང་གཞོན་པ་རིན་ཆེན་གྱིས་ས་ཡོམ་བྱུང་བ་ཤེས། ཁོས་མྱུར་དུ་ལས་རེས་འཛིན་གྲྭའི་མི་དམངས་ཉེན་རྟོག་པ8གྱིས་མངའ་ཁོངས་དེའི་ནང་ཁུལ་གྱི་ཧི་ཡོན་གཞིས་ཁུལ་དང་མཐུན་སྒྲིལ་གཞིས་ཁུལ་སོགས་ཀྱི་སྡོད་དམངས་ལ་ཐོག་ཁང་ལས་ཕྱིར་འབུད་རྒྱུར་སྣེ་ཁྲིད་བྱས་ཤིང་། དྲ་འཐེན་རྣམ་པའི་སྒོ་ནས་བདེ་འཇགས་ཐད་ལ་རྩད་གཅོད་བྱས་ཏེ། དུས་ལྟར་དངོས་ཟོང་མཐའ་དག་བདེ་འཇགས་ཁྱབ་ཁོངས་སུ་སྐྱེལ་འདྲེན་བྱས་པ་རེད།

ཁྱིམ་ཚང་ལ་རྩད་གཅོད་བྱེད་སྐབས། མི་དམངས་ཉེན་རྟོག་པ་དག་གིས་འཇིགས་སྣང་ཁྲོད་ཀྱི་མང་ཚོགས་ལ་སེམས་གསོ་བྱས་ཤིང་། གནས་སྐབས་སུ་ཕུབ་པའི་སྦྲ་གུར་ལ་བདེ་འཇགས་འགལ་རྐྱེན་ཡོད་མེད་ཐད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། མངའ་ཁོངས་མང་ཚོགས་ཡང་བསྐྱར་ས་ཡོམ་བྱུང་རྗེས་ས་སྟོང་དུ་ཕྱིར་བཤོལ་བྱེད་པ་སོགས་ས་ཡོམ་ཤེས་བྱ་དུས་ལྟར་དྲིལ་སྒྲོག་བྱས་པ་རེད།

ཡོམ་ཁུལ་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ལེགས་པོར་བྱས་རྗེས་རིན་ཆེན་དང་ཁོའི་ལས་གྲོགས་ཚོ་མྱུར་དུ་ལམ་མདོ་སོ་སོར་སོང་སྟེ་ལས་རེས་བྱེད་ཡུལ་ཕན་ཚུན་བར་དུ་སྐོར་ཞིབ་དོ་དམ་ཚོད་འཛིན་བྱས་ཏེ། རླངས་འཁོར་ནང་གི་སྒྲ་དུང་དང་ཉེན་དུང་སོགས་ལ་བརྟེན་ནས་མྱུར་སྐྱོབས་རླངས་འཁོར་གྱིས་བདེ་འཇགས་གསལ་འདེབས་བྱ་བ་ལེགས་པོར་སྒྲུབ་ནས། རླངས་འཁོར་གྱི་བདེ་འཇགས་ཐད་ལ་ཡང་འགན་སྲུང་བྱས་པ་རེད།

ཉིན་དེར་རྨ་སྟོད་རྫོང་ཁོངས་སུ་གནམ་ངོ་རུབ་ཅིང་ཆར་འབབ་བཞིན་ཡོད་ལ། དེའི་ཁར་མྱུར་སྐྱོབས་རུ་མི་དང་རླངས་འཁོར་གྱི་ཁ་གྲངས་ཅུང་མོད་པོས་མི་དམངས་ཉེན་རྟོག་པ་དག་གིས་ཉེན་རྟོག་རླངས་འཁོར་བེད་སྤྱད་ནས་དངོས་ཟོང་སྐྱེལ་འདྲེན་མྱུར་སྐྱོབ་བྱས། དེར་མ་ཟད་སྲིད་གཞུང་སྡེ་ཁག་གིས་སྦྲ་གུར་དང་གཏེར་ཆུ། ཆར་གདུགས་སོགས་མྱུར་སྐྱོབས་དངོས་ཟོང་བཀོད་སྒྲིག་བྱས་པ་རེད།

རྨ་སྟོད་རྫོང་སྤྱི་བདེ་མི་དམངས་ཉེན་རྟོག་པས་ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་འཚོ་བ་ལ་འགན་སྲུང་བྱས་ཤིང་། སྤྱི་ཚོགས་བརྟན་འཇགས་ལ་འགན་སྲུང་བྱེད་པ་དང་ཆབས་ཅིག དར་ལག་རྫོང་སྤྱི་བདེ་ཡིས་སྐོར་ཞིབ་རུ་དཔུང་བཙུགས་སྟེ་མང་ཚོགས་ལ་རོགས་བྱས་ཏེ་སྦྲ་གུར་ཕུབ་རོགས་བྱས། ཉེན་རྟོག་སྟོབས་ཤུགས་བསྡུ་རུབ་ཀྱིས་མི་སྣ་དང་རླངས་འཁོར་ཅུང་མོད་པོའི་གཞུང་ལམ་གཙོ་བོའི་སྟེང་འགྲིམ་འགྲུལ་བདེ་འཇགས་སྐོར་ཞིབ་སྤེལ་ནས་སློབ་གྲྭའི་དགེ་རྒན་རྣམས་སློབ་མ་དག་དང་མཉམ་པོར་བདེ་འཇགས་གནས་ཡུལ་དུ་བཀོད་སྒྲིག་རྩ་འཛུགས་བྱས།

ཉིན་དེའི་ཕྱི་དྲོ་དུས་ཚོད5ཡི་སྟེང་དར་ལག་རྫོང་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་རུ་དཔོན་ཀྲང་ལེ་ཡི་སྣེ་ཁྲིད་འོག མི་དམངས་ཉེན་རྟོག་པ25རྨ་སྟོད་གནོད་ཁུལ་དུ་སོང་སྟེ། གནས་སྐབས་ཏང་ཀྲི་པུའུ་བཙུགས་པ་དང་ས་གནས་འགྲིམ་འགྲུལ། ལམ་སྲིད་སོགས་སྡེ་ཁག་ལ་མཉམ་འབྲེལ་སྒོས་ཉེན་རྟོག་པ་ཡོངས་རྫོགས་ལམ་ལ་ཆས་ཤིང་། ལམ་སྟོན་སྒོ་བྱང་སོགས་བཙུགས་སྟེ་འགྲིམ་འགྲུལ་སྒྲིག་སྲོལ་ལ་འགེབས་སྲུང་དང་ལམ་གྱི་ཉེན་ཁ་སེལ་བ། དངོས་ཟོང་སྒྲིག་འཇུག་བྱེད་པ་བཅས་ཀྱིས་ས་ཡོམ་ས་ཁུལ་གྱི་གཞུང་ལམ་གཙོ་བོའི་ཤར་གཏོང་ལ་འགན་སྲུང་བྱས་པ་རེད།

ས་ཡོམ་གནོད་འཚེ་བྱུང་རྗེས། མི་དམངས་ཉེན་རྟོག་པས་ཉིན་མཚན་ལ་དབྱེ་བ་མེད་པར་མང་ཚོགས་བསྲུངས་ཤིང་། ཁོ་ཚོས་སྔོན་ཆད་ཀྱི་སྣ་གཅིག་སྐོར་ཞིབ་ལས་འགན་དེ་འགེབས་སྲུང་སྐྱེལ་འདྲེན་དང་མྱུར་སྐྱོབས། ལམ་འདྲི་བ། སྙན་གསེང་ཞུ་བ་སོགས་ཀྱི་ཐད་མང་ཚོགས་ལ་དགོས་མཁོ་ཆེ་བའི་སྐབས་སུ་དུས་ནམ་ཡང་མང་ཚོགས་དང་ལྷན་དུ་ཡོད་པ་རེད།

ནམ་གུང་། རྨ་སྟོད་རྫོང་མཁར་ཧྲིལ་བོར་སྔར་བཞིན་ཁངས་ཆར་འདྲེས་མ་འབབ་བཞིན་ས་ཡོམ་རྗེས་ཀྱི་ས་ཆེན་དང་མི་དམངས་ཉེན་རྟོག་པའི་རྔུལ་ཆུ་མཉམ་འདྲེས་ཀྱིས་འདིར་སིམས་ཡོད། མི་དམངས་ཉེན་རྟོག་པ་ལྟོགས་ན་ཡང་ཟས་སྐམ་རེ་ཟ་བ་དང་ཆུ་འཁྱག་རེ་འཐུང་བཞིན་ངལ་གསོ་ཙམ་ཡང་བྱེད་མ་ཐུབ་པར་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།