ཉེན་རྟོག་པ3990རྨ་སྟོད་ས་ཡོམ་རྒུད་སྐྱོབ་ཀྱི་ལས་ཀར་ཞུགས་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྨ་སྟོད་ལ“5·22”ས་ཡོམ་བྱུང་རྗེས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མའི་དུས་ཚོད་ནང་ཉེན་རྟོག་མི་གྲངས3990བསྡུ་རུབ་བྱས་ཏེ། ཉེན་ཁའི་གནས་ཚུལ་རྩད་གཅོད་དང་འགྲིམ་འགྲུལ་ཤར་གཏོང་བྱ་བ་ལེགས་པོར་བསྒྲུབས་ནས། ནུས་ཤུགས་གང་ཡོད་སྒོས་སྤྱི་ཚོགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་དྲ་ལམ་གླེང་ཕྱོགས་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་སྣོན་བྱས། འགྲིམ་འགྲུལ་ཉེན་རྟོག་པ་དང་བདེ་སྲུང་། དྲ་ལམ་བདེ་སྲུང་སོགས་ཉེན་རྟོག་རིགས14ཡི་ཆེས་མཐོའི་ལས་བརྩོན་བྱ་བ་འགོ་བཙུགས་ནས་ལས་བརྩོན་བྱ་བ་སྒྲུབ་འགོ་བརྩམས།

ས་ཡོམ་བྱུང་རྗེས་ཞིང་ཆེན་སྲིད་གཞུང་གི་ཏང་རྩ་འཛུགས་ཁོངས་མི་དང་སྤྱི་བདེ་ཐིན་ཏང་ཨུའི་ཧྲུའུ་ཅི་ལིས་ཧོང་ཡཱ་མྱུར་དུ་སྤྱི་བདེ་ཐིན་གྱི་བཀོད་འདོམས་ལྟེ་གནས་སུ་ཕྱིན་ཏེ། བརྙན་རིས་བརྒྱུད་ནས་འཕྲད་བསྟུན་མྱུར་སྐྱོབས་བཀོད་སྒྲིག་དང་གཞུང་ལམ་འགྲིམ་འགྲུལ། ཞིང་ཆེན་ཧྲིལ་བོའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ས་ཡོམ་རྗེས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཁོས་མྱུར་དུ་རྨ་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་གཞུང་སྒྲུབ་ཁང་བར་བདེ་འཇགས་ཀྱི་འགལ་རྐྱེན་ཡོད་པའི་གཞུང་སྒྲུབ་ཁང་བའི་འདུག་མི་རུང་བའི་བླང་བྱ་བཏོན་པ་དང་། གནས་སྐབས་གཞུང་སྒྲུབ་སྦྲ་གུར་ཕུབ་ནས་མི་དམངས་ཉེན་རྟོག་པའི་ཉེན་རྟོག་རོགས་སྒྲུབ་ཀྱི་རང་ལུས་བདེ་འཇགས་ལ་འགན་སྲུང་བྱས། དེ་དང་ཆབས་ཅིག ཚན་རིག་དང་མཐུན་པའི་འགྲིམ་འགྲུལ་གྱི་འཁོར་རྒྱུག་ལ་ཚོད་འཛིན་བྱས་ཤིང་། རྡིབ་ཟིན་པའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་སྒྲིག་སྲོལ་དང་བདེ་སྲུང་སྒྲིག་སྲོལ་ལ་ཞིག་གསོ་བྱས་ཏེ། རླངས་འཁོར་འཁེག་པ་དང་མི་སྣའི་འདུས་ཚད་སྟུག་པོས་མྱུར་སྐྱོབས་དོན་རྐྱེན་ལ་ཤུགས་རྐྱེན་མི་ལེགས་པ་བཟོ་བ་གཏན་འགོག་བྱས། བརྙན་རིས་སྙོམས་སྒྲིག་དང་བརྙན་རིས་མཐུད་སྦྲེལ་ཁྲོད། ལིས་ཧོང་ཡཱ་གནོད་སེལ་རྒུད་སྐྱོབས་ཡུལ་དངོས་ཀྱི་མི་དམངས་ཉེན་རྟོག་པ་དག་ལ་སེམས་བསམ་པའི་གཏིང་ནས་ཁམས་འདྲི་བྱས་ཤིང་བྱ་བའི་ཁྲོད་རང་ལུས་སྲུང་སྐྱོབ་ལ་མཉམ་འཇོག་བྱེད་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད།

དེ་དང་ཆབས་ཅིག སྤྱི་བདེ་ཐིན་ཉེན་དོག་འགན་སྲུང་པུའུ་ཡིས་མྱུར་དུ་འཕྲད་བསྟུན་མྱུར་སྐྱོབས་འགན་སྲུང་གི་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ཏེ། ཆེས་ཐོག་མའི་དུས་ཚོད་ནང་སྦྲ་གུར་ཕུབ་པ་དང་མལ་ཁྲི་འཛུགས་པ། གྲང་འགོག་ལྭ་བ། དམག་མིའི་ཟས་རིགས་སོགས་དངོས་ཟོང་སྐྱེལ་འདྲེན་གྱིས་ས་ཡོམ་ས་ཁུལ་གྱི་ཉེན་རྟོག་མི་སྣའི་བདེ་སྲུང་སྡེ་ཁག་ལ་འབྲེལ་གཏུག་སྒོས་ས་ཡོམ་ས་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་ཕན་ཚུན་གཞོགས་འདེགས་བྱ་བར་ཤུགས་སྣོན་བྱས་ཏེ། ནུས་ཤུགས་གང་ཡོད་སྒོས་ས་ཡོམ་མྱུར་སྐྱོབས་ཀྱི་འཕྲད་བསྟུན་བྱ་བར་འགན་སྲུང་བྱས། ས་ཡོམ་གྱི་རྗེས་སུ་བསྟུད་མར་ཁངས་ཆར་འདྲེས་མ་བབས་པས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དང་མྱུར་སྐྱོབས་མི་སྣ་སྔ་ན་མེད་པའི་དཀའ་ཁག་དང་འཕྲད། ཉེན་དོན་འགན་སྲུང་སྡེ་ཁག་གིས་ས་ཡོམ་གྱི་རིམ་པ་དང་པོའི་སྤྱི་བདེ་ལས་ཁུངས་དང་མི་དམངས་ཉེན་རྟོག་པ་ལ་མྱུར་སྐྱོབས་དངོས་ཟོག་དགོས་མཁོ་ཆེ་བ་ཤེས་རྗེས། དུས་ལྟར་མལ་ཁྲི་དང་ཚ་ནུས་ཟས་རིགས། འཚོལ་བཤེར་གློག་སྒྲོན་སོགས་འཕྲད་བསྟུན་སྒྲིག་ཆས་དང་དངོས་ཟོང་བསྐྱལ་ཏེ། གནོད་ཐེབས་ས་ཁུལ་གྱི་རིམ་པ་དང་པོ་པ་སྟེ་མི་དམངས་ཉེན་རྟོག་པའི་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་ལ་འགྱུར་མེད་སྲ་བརྟན་གྱི་མཁོ་སྤྲོད་ཐད་འགན་སྲུང་བྱས་ཡོད།

གནོད་སེལ་མྱུར་སྐྱོབས་བྱ་བའི་སྐབས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡིས་མགྱོགས་མྱུར་ངང་འགལ་རྐྱེན་རྩད་གཅོད་དང་སྤྱི་ཚོགས་གཏན་འཇགས་བྱ་བ་སྒྲུབ་པར་མ་ཟད། སྔ་གཞུག་ཏུ་ཉེན་རྟོག་མི་གྲངས300རྩ་འཛུགས་བྱས་ཏེ་མངའ་ཁོངས་ཀྱི་ཡུལ་གཙོ་བོར་སོང་ནས་ཉེན་ཁའི་འགལ་རྐྱེན་ཡོད་མེད་ལ་རྩད་གཅོད་བྱས། དེ་མིན་མི་གྲངས500ཅན་གྱི་མི་དམངས་ཉེན་རྟོག་པས་སྲང་ལམ་གྱི་སྐོར་ཞིབ་བྱ་བར་ཤུགས་བསྣན་ནས། ཁུལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་གཞུང་ལམ། ཞིང་ཆེན་གཞུང་ལམ། དེ་མིན་གཞུང་ལམ་གཙོ་བོའི་ལས་རེས་ས་ཚུགས། འགྲིམ་འགྲུལ་བཀོད་འདོམས་ས་ཁུལ་བཅས་ཀྱི་བདེ་འཇགས་ལ་སོ་ལྟ་བྱས་པ་རེད། ཡང་བསྐྱར་འདར་ཡོམ་གྱི་འཕྲད་བསྟུན་མྱུར་སྐྱོབས་ཐག་གཅོད་ཐབས་ལམ་གཏན་འབེབས་ཀྱིས་མྱུར་སྐྱོབས་ཉེན་གཡོལ103བཀོད་སྒྲིག་བྱས་ཏེ་ཉེན་རྟོག་སྟོབས་ཤུགས་སྐོང་འཐེན་གྱིས་མང་ཚོགས་ལ་སྦྲ་གུར1625ཕུབ་ནས། འབྲེལ་ཡོད་ལས་ཁུངས་དག་ལ་ཉལ་ཐུལ་དང་ལ་རིང་། མལ་ཁྲི་སོགས་དངོས་ཆ1000ལྷག་བྱིན་ནས་ཡོམ་འགོག་རྒུད་སྐྱོབས་ཀྱི་མཁོ་སྤྲོད་ཐད་ལ་འགན་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།