ལྔ་པའི་བ་བཞོ་དུས་ཆེན་གྱི་གུང་གསེང་གཏོང་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་པའི་གུང་གསེང་བཀོད་སྒྲིག་ལྟར། ཟླ6པའི་ཚེས12ནས14ཉིན་ཏེ་ཁྱོན་ཉིན3རིང་ད་ལོའི་ལྔ་པའི་བ་བཞོ་དུས་ཆེན་གྱི་གུང་གསེང་གཏང་རྒྱུ་རེད། རྒྱལ་ཡོངས་ཀྱི་མེ་འཁོར་འཛིན་བྱང་ཉིན15སྔོན་ལ་མངག་ཉོ་བྱས་ཆོག་པའི་གཏན་འབེབས་ལྟར། ཟླ5པའི་ཚེས29ཉིན་ནས་བཟུང་། མངག་ཉོ་དྲ་ཚིགས12306དང་ལག་ཁྱེར་ཁ་པར་མ་ལག12306 ཡང་ན་འཛིན་བྱང་མངག་ཉོ་ཨང་གྲངས95105105སྟེང་ཁ་པར་བསྐོར་ཏེ2021ལོའི་ལྔ་པའི་བ་བཞོ་དུས་ཆེན་སྐབས་ཀྱི་མེ་འཁོར་འཛིན་བྱང་མངག་ཉོ་བྱ་ཆོག

དེ་མིན་ལྔ་པའི་བ་བཞོ་དུས་ཆེན་རིང་མྱུར་བགྲོད་གཞུང་ལམ་གྱི་ལམ་གླ་སྔར་བཞིན་སྤྲོད་དགོས་སོ། །

ལོ་ཙཱ་པ། ལྷ་ཆེན་རྒྱལ།