མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུས(ཀུང་སི)ད་ལོའི་མཐར་ཕྱིན་སློབ་མ་ལས་ལས་མི་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུའུ། ཀྲུང་གོ་ཐ་མག་སྤྱི་ཁྱབ་ཀུང་སིའི་མཚོ་སྔོན་ཞིང་ཆེན་ཀུང་སིས་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྲོད་ནས་ལས་མི་བསྡུ་བའི་བརྡ་སྦྱོར། 

མཚོ་སྔོན་གྱི་ཐ་མག་ཁོངས་གཏོགས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ་དང་སྤུས་ཚད་མཐོ་བའི་ཁྱད་ཆོས་ཀྱི་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུས(ཀུང་སི)ལས་ཀའི་དགོས་མཁོ་ལྟར། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྲོད་ནས་ལས་མི་བསྡུ་རྒྱུ་ཡིན་ལ། འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།

གཅིག ལས་མི་བསྡུ་བའི་འཆར་གཞི།

ཐེངས་འདིར་ལས་མི46བསྡུ་རྩིས་ཡོད་ལ། ཞིབ་ཕྲའི་མི་སྤྱོད་ཚན་པ་དང་། མི་གྲངས། འབྲེལ་ཡོད་བླང་བྱ་བཅས《མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུའི(ཀུང་སི)2021ལོའི་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྲོད་ནས་ལས་མི་ལས་བསྡུ་བའི་འཆར་གཞིའི་རེའུ་མིག》ན་གསལ།

གཉིས། ལས་བསྡུ་བྱ་ཡུལ།

ཆེད་སྦྱོང་མཐར་ཕྱིན་སློབ་མའི་ལོ་ཚོད་ནི་ལོ23དང་དེའི་མན་ཡིན་དགོས། (1998ལོའི་ཟླ5པའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)དངོས་གཞི་མཐར་ཕྱིན་སློབ་མའི་ལོ་ཚོད་ནི་ལོ24དང་དེའི་མན་ཡིན་དགོས། (1997ལོའི་ཟླ5པའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)འབུམ་རམས་པའི་ཞིབ་འཇུག་དང་ཡན་གྱི་ལོ་ཚོད་ནི་ལོ27དང་དེའི་མན་ཡིན་དགོས། (1994ལོའི་ཟླ5པའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ་ཡིན་དགོས། )

གསུམ། ལས་བསྡུའི་བརྒྱུད་རིམ།

1.ཐེངས་འདིའི་ལས་མི་བསྡུ་བའི་བརྡ་སྦྱོར་དེ་ཀྲུང་གོའི་ཐ་མག་ཤེས་ལྡན་མི་སྣའི་ལས་བསྡུའི་ལས་སྟེགསwww.tobacco.gov.cnདང་། མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུའུ་དྲ་ཚིགསhttp://qh.tobacco.gov.cn། ཆེན་ཁྲིན་བོ་ཡུའུ་ཟི་ལིང་འཕྲིན་ལམhttps://www.51job.com/xining/བཅས་སུ་དུས་མཚུངས་སུ་སྤེལ་རྒྱུ་རེད།

2.བརྡ་སྦྱོར་སྤེལ་བའི་དུས་ཚོད། 2021ལོའི་ཟླ5པའི་ཚེས18ཉིན་ནས2021ལོའི་ཟླ5པའི་ཚེས24ཉིན་བར་རེད།

བཞི། མིང་ཐོ་འགོད་པ།

1.མིང་ཐོ་འགོད་སྟངས། ཐེངས་འདིར་ལས་མི་བསྡུ་བའི་མིང་ཐོ་འགོད་པ་དང་ཐོབ་ཐང་ཐོག་མའི་ཞིབ་དཔྱད་དེ་དྲ་ཐོག་ནས་བརྒྱུད་དགོས་པས་ཡུལ་དངོས་སུ་ཐོ་འགོད་དང་ལེན་མི་བྱེད། རྒྱུགས་སྤྲོད་སློབ་མིསhttp://campus.51job.com/qhyczp2021/ཐོ་འགོད་བྱས་ཏེ་མིང་ཐོ་འགོད་དགོས། ལས་བསྡུའི་བརྡ་སྦྱོར་ལས་བསྟན་པའི་མིང་ཐོ་འགོད་སྟངས་དང་། མིང་ཐོ་འགོད་པའི་དུས་ཚོད། ལས་གནས་ཀྱི་དགོས་མཁོ། མི་སྒེར་གྱི་འདོད་བློ་བཅས་གཞིར་བཟུང་ནས་ལས་བསྡུའི་མ་ལག་གི་དྲ་ཐོག་རེ་ཞུ་བྱེད་དགོས།

2.མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ5པའི་ཚེས22ཉིན་ནས2021ལོའི་ཟླ5པའི་ཚེས24ཉིན་ཡིན།

ལྔ། རྒྱུགས་ལེན།

ཡིག་རྒྱུགས་ཟི་ལིང་དུ་ལེན་རྒྱུ་ཡིན་པ་དང་། ཡིག་རྒྱུགས་ལེན་ཡུལ་དང་། དུས་ཚོད། ཡིག་རྒྱུགས་ནང་ཞུགས་མཁན་བཅས་ཀྱི་མིང་ཐོ་སྦྲག་ཡིག་དང་། འཕྲིན་ཐུང་། ཁ་པར་བཅས་བརྒྱུད་ནས་བརྡ་ཐོ་གཏང་རྒྱུ་ཡིན། གལ་སྲིད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སོགས་དམིགས་བསལ་གྱི་རྒྱུ་རྐྱེན་འཕྲད་ཚེ་དྲ་ཐོག་ཏུ་ཡིག་རྒྱུགས་བླངས་ཀྱང་ཆོག

མིང་ཐོ་འགོད་པའི་བློ་འདྲིའི་ཁ་པར་ཨང་གྲངས།029-88416622-827 དགེ་རྒན་ཞིན།

བྱ་བའི་ཉིན་མོ། 9:00-12:00 14:00-17:30

ལྟ་སྐུལ་ཁ་པར།0971-6144191

ཟུར་ཡིག

1.མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུའུ(ཀུང་སི)ཡི་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་བསྡུའི་འཆར་གཞིའི་རེའུ་མིག

2.མཚོ་སྔོན་ཞིང་ཆེན་ཐ་མག་ཆེད་ཚོང་ཅུས(ཀུང་སི)ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྲོད་ནས་ལས་མི་བསྡུ་བའི་ཐོ་འགོད་རེའུ་མིག

2021ལོའི་ཟླ5པའི་ཚེས18ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།