མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་སྒྱུ་རྩལ་འགྲན་སྡུར་སྤེལ་བ།

ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་སྒྱུ་རྩལ་འགྲན་སྡུར་བྱ་འགུལ་སྤེལ་བ་དང་། ཡིག་གཟུགས་ལེགས་པོ་ཞིག་འབྲི་རྒྱུ་དེ་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡིས་དགེ་ཐོན་སློབ་མ་དག་ལ་བཏོན་པའི་སྤུས་ཚད་བླང་བྱ་ཡིན་ལ། སློབ་མ་དག་ལ་ངེས་པར་དུ་འཛོམས་དགོས་པའི་གཞི་རྩའི་ལས་རིགས་རྩལ་ནུས་ཁྲོད་ཀྱི་གཅིག་ཀྱང་རེད། ཡིག་གཟུགས་འགྲན་སྡུར་གྱི་ཡུལ་དངོས་སུ་སློབ་མ་ཚོའི་སྤོབས་སེམས་ཆེན་པོའི་སྒོ་ནས་སྨྱུག་ཁ་རེ་རེར་ངར་ཤུགས་རྒྱས་ནས། ཡིག་གཟུགས་བརྩམས་ཆོས་རིགས་མི་འདྲ་བ70ལྷག་གསར་རྩོམ་བྱས་ཤིང་། སློབ་གྲོགས་ཕན་ཚུན་བར་ལ་ཡིག་གཟུགས་འབྲི་སྦྱོངས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ཐད་ལ་གོ་རྟོགས་གསར་པ་བྱུང་དུ་བཅུག ཐེངས་འདིའི་བྱ་འགུལ་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་དག་ལ་རང་གི་འཇོམ་ཐང་ངོམ་སའི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་པ་དང་། སློབ་མ་དག་གི་ལས་གཏོད་སྙིང་སྟོབས་སྐྱེད་བསྲིངས་བྱེད་པ་དང་དོན་དངོས་ནུས་ཤུགས། མཛེས་དཔྱོད་ཉམས་ཞིབ། མི་ཆོས་བྱང་ཚད་བཅས་དང་ཆབས་ཅིག སློབ་རའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་པར་བཏང་། ཚང་མས་འཕྲོ་རིམ་འཕྲོར་བསྟན་དོན། རྗེས་ཕྱོགས་ཏང་གི་རིག་གནས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཉམས་མྱོང་བསྡུ་རུབ་དང་ཧུར་ཐག་འབད་བརྩོན་གྱིས་ཕུགས་འདུན་ཡོད་པ་དང་ནུས་པ་ལྡན་པ། འགན་འཁྲི་ཅན་གྱི་དུས་རབས་གསར་པའི་མི་ཞིག་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།