མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གིས་རིག་གནས་དང་ལོ་རྒྱུས་ཡིག་རིགས་བསྡུ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

ལས་ཀའི་དགོས་མཁོ་ལྟར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད།རྟེན་རྫས་བཤམས་མཛོད་ཁང་གིས་དེ་རིང་ནས་བཟུང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་མི་དམངས་སྲིད་གྲོས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་།ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་གལ་ཆེན་ལྡན་པ། དེ་བཞིན་དུ་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། མི་སྣ་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་ཀྱི་པར་རིས་དང་སྒྲ་བརྙན་གྱི་དཔྱད་གཞི་དང་དངོས་པོ་སོགས་རྒྱ་ཁྱབ་ངང་འཚོལ་བསྡུ་བྱ་རྒྱུ་རེད། དེ་བརྒྱུད་སྤྲོད་དང་། ཞལ་འདེབས་སུ་འབུལ་བ། བསྡུ་ཉོ།མངགས་བཅོལ་བཅས་རིགས་བཞིའི་ལམ་ནས་འཚོལ་བསྡུ་བྱ་རྒྱུ་ཡིན་པས། མཁོ་སྤྲོད་བྱེད་མཁན་གྱིས་རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་བདེན་པ་ཡིན་མིན་དང་འབྱུང་ཁུངས་ཁྲིམས་མཐུན་ཡིན་མིན་ལ་འགན་ལེན་ཏན་ཏིག་བྱ་དགོས་པར་མ་ཟད། རྒྱུ་ཆ་དེ་དག་འདོན་སྤྲོད་བྱེད་སྐབས་གསལ་བཤད་མདོར་བསྡུས་ཤིག་བྱ་རྒྱུ་ཧ་ཅང་གལ་ཆེའོ། །

སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་གོང་གི་རིག་གནས་དང་ལོ་རྒྱུས་ཀྱི་ཡིག་རིགས་འདོན་སྤྲོད་དང་ཁུངས་སྣེ་བསྡུ་ལེན་ལ་རོགས་རམ་གནང་བར་དགའ་བསུ་ཞུ།
       འབྲེལ་གཏུག་བྱེད་ཐབས།ཟི་ལིང་གྲོང་ཁྱེར་ལྔ་བཞིའི་ནུབ་ལམ་ཨང་དང་པོ་སྟེ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་།
      (ཁ་པར་ཨང་གྲངས་ནི།097-63908ཡིག་སྒམ་སྟེ།qhzxwszlgd 163.comཡིན།)