ཟི་ལིང་མེ་འཁོར་འབབ་ཚིགས་ཀྱིས་བྲེལ་མྱུར་བརྡ་ཐོ།

ཁྲེང་ཏུའུ་རུ་དྲག་ཆར་བབས་པའི་རྐྱེན་གྱིས་ཟླ5ཚེས14ཉིན་ཟི་ལིང་གི་ཕྱོགས་སུ་བསྐྱོད་པའི་མེ་འཁོར་ཁག་ཅིག་དུས་ལྟར་མངག་མི་ཐུབ་པའི་གནས་ཚུལ་གཤམ་གསལ་ལྟར།

ཁྲེང་ཏུའུ་ནས་ལྷ་སར་བསྐྱོད་པའི་མེ་འཁོརZ323ཅན་དུས་ལྟར་མངག་མི་ཐུབ་ལ། ཟི་ལིང་གི་འབབ་ཚིགས་སུ་འབྱོར་ལ་ཆུ་ཚོད་བཞི་ཕྱིར་འགྱང་བྱ་དགོས་བྱུང་བ་དང་། ཁྲེང་ཏུའུ་ནས་ཟི་ལིང་དུ་བསྐྱོད་པའི་མེ་འཁོརZ1059ཅན་ཟི་ལིང་དུ་འབྱོར་བར་ཆུ་ཚོད་བཞི་ཕྱིར་འགྱང་བྱ་དགོས་བྱུང་བས།གནས་ཚུལ་ཞིབ་ཕྲ་མེ་འཁོར་འབབ་ཚིགས་ཀྱི་སྤྱི་བསྒྲགས་སམ་ཡང་ན་རྩད་འདྲི་བྱ་ཡུལ་ཁ་པར་ཨང་གྲངས12306ལས་རྩད་འདྲི་བྱ་རོགས། མེ་འཁོར་དུས་ལྟར་མངག་མ་ཐུབ་པ་ལས་ཁྱེད་ཅག་ལ་དཀའ་ངལ་ཅི་རིགས་བཟོས་སོང་བར་དགོངས་དག་ཞུ།