ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཡིས་དཔྱད་བསྡུར་བྱེད་པའི་འཛུགས་སྐྲུན་བྱེད་སྒོར་ཁྱོན་ཡོངས་ནས་དཔྱད་བསྡུར་བྱེད་པའི་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་དེ་ཡོངས་ཀྱི་ཏང་ཀྲི་པུས“བརྒྱ་ཆ་བརྒྱ་ཚད་ལོན་ལ་སྐུལ་འདེད་གཏོང་བ་དང་ཏང་གི་ལོ་བརྒྱ་འཁོར་བར་བསུ་བ་ཞུ་བའི”བྱེད་སྒོ་དེ་ཁྱོན་ཡོངས་ནས་དཔྱད་བསྡུར་བྱེད་པའི་དུས་མཚམས་སུ་སླེབས་ཚུན།ས་ཁུལ་ཁག་དང་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་བཀོད་སྒྲིག་ཞིབ་ཚགས་དང་གནད་སྨིན་ལག་བསྟར་བྱས་ནས་དཔྱད་ཞིབ་དཔྱད་དཔོག་གི་ཁྱབ་ཁོངས་ཁག་ཚང་མར་ཁྱབ་རྒྱུར་སྐུལ་འདེད་བཏང་བས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་སྔའི་བར་ཁྱོན་ཡོངས་ཀྱི་དཔྱད་བསྡུར་དེ་ཏང(སྤྱི་བསྡོམས)གི་ཀྲི་པུའུ་196ལ་ཁྱབ་པ་དང་ཁྱབ་ཚད98%ཟིན་པའི་ནང་ཚད་ལོན་ཏང(སྤྱི་བསྡོམས)གི་ཀྲི་པུའུ19208ཡོད་པ་དང་ཚད་ལོན་ཚད97.8%ཟིན་པ་དང་། ཚད་གཞིར་མ་སླེབས་པའི་ཏང(སྤྱི་བསྡོམས)ཀྲི་པུའུ422ལ་བཅོས་སྒྲིག་བྱས་ཟིན་པ་དང་བཅོས་སྒྲིག་ལེགས་སྒྲུབ་ཐུབ་ཚད་62.3%ཟིན་ཡོད། ཐེངས་འདིའི་ཕྱོགས་ཡོངས་ནས་དཔྱད་བསྡུར་བྱེད་པའི་བྱ་བའི་ཁྲོད། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུའི(ཏང་ཙུའུ)ཀྱིས《ཁྱབ་ཁོངས་སོ་སོའི་ཏང་ཀྲི་པུའུ་ཡིས་དཔྱད་བསྡུར་དང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི》ལྟར་ན། འགོ་ཁྲིད་ལས་ཁུངས་དང་། ཏང་ཡོན་དཔུང་ཁག བྱ་བའི་ནང་རྐྱེན། རྨང་གཞིའི་འགན་སྲུང་སོགས་ཕྱོགས4ཡི་ཐུན་མོང་རང་བཞིན་གྱི་དམིགས་ཚད་སོ་སོ15དང་། ཁྱབ་ཁོངས8ཀྱི་བྱེ་བྲག་རང་བཞིན་གྱི་དམིགས་ཚད་ཁག་40ལྡོག་ཕྱོགས་ཀྱི་དམིགས་ཚད་ཁག7བཅས་ལ་དམིགས་ཏེ། ཁོངས་གཏོགས་ཏང(སྤྱི)གི་ཀྲི་པུའུ་ལ་ཁྱོན་ཡོངས་ལ་ཁྱབ་པའི་དཔྱད་ཞིབ་དང་དཔྱད་དཔོག་བྱས་པ་དང་། ཚད་གཞི་ལོན་པའི་ཏང(སྤྱི)གི་ཀྲི་པུའུ་དང་། ཚད་གཞི་མ་ལོན་པའི་ཏང(སྤྱི)གི་ཀྲི་པུའུ་རྩིས་ཐོའི་རེའུ་མིག གནད་དོན་གྱི་ཞིབ་ཐོ་བཅས་རིམ་དབྱེ་རིགས་དབྱེ་བྱས་ནས་བཟོས་པ་མ་ཟད།“ཀྲི་པུའུ་གཅིག་ལ་རྩིས་ཐོ་གཅིག་”གི་བླང་བྱ་ལྟར་སྟོབས་ཤུགས་ཀྱི་ཐོན་ཁུངས་སྡེབ་སྒྲིག་ཧུར་ཐག་བྱས་ཏེ། དག་ཐེར་དང་ལེགས་བཅོས་ཀྱི་ཇུས་གཞི་གཏན་ལ་ཕབ་པ་དང་། འཕྲལ་མར་དག་ཐེར་དང་ལེགས་བཅོས་བྱས་ནས་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱས་ཡོད།

དུས་མཚུངས་སུ། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཀྱིས“ཕྱོགས་གཅིག་ནས་དཔྱད་བསྡུར་དང་། ཕྱོགས་གཅིག་ནས་ཕྱོགས་བསྡོམས །ཕྱོགས་གཅིག་ནས་དྲིལ་སྒྲོག”བཅས་བྱེད་པའི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་དཔྱད་འདེམས་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་ཁྲོད་ཀྱི་དཔེ་མཚོན་བྱེད་ཐབས་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པར་དོ་སྣང་ཆེན་པོ་བྱས་ཤིང་། ཁྱབ་ཁོངས་སོ་སོ་ནས་རང་ངོས་འཛུགས་སྐྱོང་ཡག་པོ་དང་ནུས་པ་ཆེན་པོ་ཐོན་པའི་སྔོན་ཐོན་ཏང་ཀྲི་པུའུ་ཁག་གཅིག་འདེམས་འཛུགས་བྱས་པ་བརྒྱུད་ནས་གསོན་ཉམས་དོད་པའི་སློབ་གཞིར་བརྩི་བ་དང་། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་པ། ཤུགས་རྐྱེན་ཁྱབ་རྒྱ་ཆེ་རུ་གཏོང་བ། ཕུལ་བྱུང་ཏང་ཀྲི་པུའུ་ཡི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་པ། ཏང(སྤྱི་)གི་ཀྲི་པུའུ་ཡིས་སྐྱོན་སྤངས་དགེ་སྒྲུབ་དང་སྔོན་ཐོན་གནས་བབ་བརྩོན་ལེན་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།

གཡང་སྐྱིད་ཀྱིས་བསྒྱུར།