མཚོ་སྔོན་གྱིས་བཟའ་བྱའི་ཞིང་ལས་ཐོན་རྫས་ལ་ཚད་ལྡན་དཔང་ཡིག་ཁྲི65ལྷག་སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་ནས་ཤེས་གསལ་ལྟར་ན། 2019ལོ་ནས་བཟུང་། རྒྱལ་ཡོངས་ནས་བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་ཚད་ལྡན་དཔང་ཡིག་ལམ་ལུགས་ཚོད་ལྟ་བྱས་ཤིང་། རང་རེའི་ཞིང་ཆེན་གྱི་ས་གནས་སོ་སོ་དང་སྡེ་ཚན་ཁག་གིས་ལམ་སེང་བྱེད་ཐབས་དེ་རྫོང34ཡི་ཐོན་སྐྱེད་བྱེད་པོ3802ལ་ཚོད་ལྟ་བྱས་ཤིང་། ཚད་གཞིར་ལོངས་པའི་ཞིང་ལས་ཐོན་རྫས་ལ་ད་ཕན་དཔང་ཡིག་ཁྲི65སྤྲད་ཚར་བ་དང་། དཔང་ཡིག་ཐོགས་པའི་ཐོན་རྫས་ཏུན་ཁྲི32.6ཁྲོམ་རར་བཀྲམས་ནས་ཚོད་ལྟ་བྱས་པར་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད།སྤྱི་ཚོགས་སྟེང་དུ“ཚད་ལྡན་དཔང་ཡིག་གིས་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ཁས་བླངས་པའི”རྣམ་པ་ལེགས་པོ་ཞིག་ཐོག་མར་བསྐྲུན།

གསར་འགོད་པས་ཤེས་གསལ་ལྟར་ན། ཚད་ལྡན་དཔང་ཡིག་ནི་ཞིང་ལས་ཐོན་རྫས་ངོས་འཛིན་གྱི་མཚོན་རྟགས་ཡིན་པའི་ཆ་ནས། ཐོན་རྫས་ཀྱི་ཆ་འཕྲིན་ཕྲ་མོ་མངོན་ཐུབ་ཕྱིར་ཚོང་གཉེར་མཁན་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་ཀྱི་ཡོད། དེ་བཞིན་དཔང་ལྡན་གྱི་ཞིང་ལས་ཐོན་རྫས་ཀྱི་ཚོང་རྒྱུག་རྗེས་རིན་གོང་ཡང་ཇེ་མཐོར་བཏང་། དེ་དང་ཆབས་ཅིག་ལྟ་སྐུལ་དོ་དམ་ལུགས་འཐུས་ཚང་བཟོས་ཏེ་ཚད་ལྡན་དཔང་ཡིག་ལག་བསྟར་དང་ཐོན་སྐྱེད་བྱེད་པོའི་མིང་ཐོ་འཐུས་ཚང་གཟུག་པར་སྐུལ་འདེད་བཏང་བ་དང་། ལྷག་པར་ཞིབ་བཤེར་ཚད་ལེན་ནས་ཐོན་སྐྱེད་གོ་རིམ་སློབ་སྟོན་དང་ཞབས་ཞུའི་བར་གྱི་ལྟ་སྐུལ་དོ་དམ་ལྟེ་བར་བཟུང་སྟེ། གཞི་རིམ་གྱི་ལྟ་སྐུལ་དོ་དམ་གྱི་དམིགས་འབེན་རང་བཞིན་མཐོར་འདེགས་དང་ཐོན་སྐྱེད་དོ་དམ་ཟུང་སྦྲེལ་བཅས་ལ་ནུས་པ་གལ་ཆེན་ཐོན། ཐོན་སྐྱེད་བྱེད་པོའི་འགན་འཁྲི་མནན་བཅག་བྱས། ཚད་ལྡན་དཔང་ཡིག་ནི་ཐོན་སྐྱེད་བྱེད་པོ་ཡི་ཁས་ལེན་ཡི་གེ་ཡིན། ཡི་གེ་དེས་བྱེད་པོ་རང་གི་སྨན་བསྟེན་བྱ་སྤྱོད་ལ་འགན་འཁུར་དགོས་པ་མ་ཟད།ཁྲོམ་རར་བཀྲམས་པའི་ཐོན་རྫས་ཀྱི་རྒྱུ་སྤུས་ལ་ཡང་འགན་འཁུར་དགོས་པའི་རེ་བ་བཏོན་ཡོད་པས། ཚད་ལྡན་དཔང་ཡིག་ཚོད་ལྟ་བྱས་རྗེས་ཐོན་སྐྱེད་བྱེད་པོའི་རྒྱུ་སྤུས་དང་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཆེར་སོང་ལ། རང་གཅུན་རང་བཤེར་གྱི་བྱེད་ཐབས་དྲག་པོ་སྤྱད་ནས། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་དང་བདེ་འཇགས་ལ་ཁག་ཐེག་གང་ལེགས་བྱས་ཡོད་པ་རེད།

ལོ་ངོ་གཅིག་ལྷག་རིང་། རང་རེའི་ཞིང་ཆེན་གྱིས་བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་ཚད་ལྡན་དཔང་ཡིག་སྤྱོད་པའི་ལམ་ལུགས་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱས་པའི་ལས་ཀ་དེ་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གི་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་དཔྱད་ཞིབ་ཀྱི་དམིགས་ཚད་ནང་ལེན་རྒྱུ་ཡིན་ཞིང་། དཔང་ཡིག་དེ་བླངས་རྗེས་ས་གནས་སྲིད་གཞུང་གི་ཞིང་ལས་ཞིང་གྲོང་སྡེ་ཚན་སོ་སོ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ཁག་གིས་ཚད་གཞིར་ལོངས་པའི་ཚད་ལྡན་དཔང་ཡིག་ལག་བསྟར་ཚོད་ལྟ་བྱ་བ་དེ་ལས་ཀུན་གྱི་གལ་ཆེན་དུ་བཞག་སྟེ། རྩ་འཛུགས་ཀྱི་འགན་སྲུང་དང་རྒྱུ་ཤུགས་ཀྱི་རམ་འདེགས་ལ་ཤུགས་བསྣན་པ་རེད། དེ་དང་ཆབས་ཅིག ཕན་ཚུན་འབྲེལ་མཐུད་ལ་ཤུགས་བསྣན་ཏེ་ཕྱོགས་གཅིག་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་བར་མཉམ་འབྲེལ་བྱས་ཏེ་ཚད་ལྡན་དཔང་ཡིག་གི་ལམ་ལུགས་ལག་བསྟར་བྱས་པ་དང་། ཕྱོགས་གཞན་ནས་ཡར་ལ་ཞིང་ལས་ཞིང་གྲོང་པུའུ་ལ་འབྲེལ་བ་དང་། བར་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་བར་འབྲེལ་བ་བྱེད་པ། འོག་ལ་ཐོན་སྐྱེད་བྱེད་པོ་ཡི་ཚད་ལྡན་དཔང་ཡིག་ལག་བསྟར་བཅས་གོང་འོག་བར་གསུམ་སྦྲེལ་ནས་རིམ་བཞིན་དུ་དྲ་འབྲེལ་མ་ལག་བརྟན་པོ་བཙུགས་པ་དང་། རྒྱུ་སྤུས་དོ་དམ་ཚོད་འཛིན་གྱི་ཚད་གཞི་རིམ་བཞིན་ཇེ་མཐོར་བཏང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚད་ལྡན་དཔང་ཡིག་ལག་བསྟར་བྱེད་པ་དང་ཆབས་ཅིག་ཏུ་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་བྱ་བ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ནས་དཔང་ལྡན་ཞིང་ལས་ཐོན་རྫས་ལ་ལྟ་སྐུལ་འདེམ་བཤེར་སྐོར་ཐེངས6400དང་། ཞིབ་བཤེར་ཚད་ལེན་སྐོར་ཐེངས1.8བྱས་པ་དང་། དཔང་ཡིག་སྒྲུབ་མཁན་ལ་སྐོར་ཞིབ་ཐེངས600ལྷག་བྱས་ཏེ། ཐོན་སྐྱེད་ཟིན་ཐོ་ཚད་ལྡན་མིན་པ་དང་། རྒྱུ་སྤུས་བདེ་འཇགས་བཟུང་བ་དམ་པོ་མིན་པ་ལ་སོགས་པའི་གནད་དོན་དག་ལམ་སེང་དག་ཐེར་ལེགས་བཅོས་བྱེད་དུ་བཅུག་པ་རེད།

ཁོན་ཐར་འཚོས་བསྒྱུར།