མཱ་ཅི་ཞོ་ཡིས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་གཏམ་བཤད་གནང་།

ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་ལ་ཉེ་བའི་དུས་འདིར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་ནས་དགེ་སློབ་ལྷན་རྒྱས་ལ་དུས་ཆེན་གྱི་སྨོན་ཚིག་ཕུལ་བ་དང་། ཉིས་སྟོང་ཉི་ཤུ་ལོའི་སློབ་མའི་འགན་འཛིན་པ་རྣམས་ལ་བསམ་བློ་དང་ཆབ་སྲིད་ཀྱི་གཞུང་ལུགས་སློབ་སྟོན་བྱས།ཨ

མཱ་ཅི་ཞོ་ཡིས་ཏང་གི་ལོ་རྒྱུས་སློབ་པ་དང་དགོངས་དོན་རྟོགས་པ། མཐོ་སྒང་ལམ་གྱི་རྨང་རྡོ་བྱེད་ཕོད་པ་ཞེས་པ་ཁ་བྱང་བྱས་ཏེ་ཅིའི་ཕྱིར་ཏང་གི་ལོ་རྒྱུས་སློབ་དགོས་པ་དང་ཏང་གི་ལོ་རྒྱུས་ཇི་ལྟར་སློབ་དགོས་པ། གསར་བརྗེའི་སྙིང་སྟོབས་ཇི་ལྟར་རྒྱུན་འཛིན་བྱེད་པ་བཅས་ཕྱོགས་གསུམ་ནས་ལོ་རྒྱུས་ཀྱི་དོན་དངོས་དང་གཞི་གྲངས་གཞི་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་དགོས་པའི་གལ་ཆེན་རང་བཞིན་དང་དམིགས་འབེན་བླང་བྱ་བཅས་ཞིབ་བརྗོད་བྱས་པ་དང་། སློབ་གྲོགས་དག་གིས་ཏང་གི་ལོ་རྒྱུས་ཁྲོད་ཤེས་རབ་དང་སྟོབས་ཤུགས་ལེན་པར་སྐུལ་མ་བྱས།

མཱ་ཅི་ཞོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ནི་ལས་སླ་མོ་ཞིག་མིན་ལ། ཀྲུང་ཧྭའི་རྒྱུད་འཛིན་པ་རྣམས་ཀྱི་མི་རབས་ནས་མི་རབས་ཀྱི་འབད་བརྩོན་གྱིས་ད་གཟོད་མངོན་འགྱུར་བྱེད་ཐུབ། ན་གཞོན་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་གདུང་འདེགས་ཡིན། སློབ་གྲོགས་རྣམས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སོགས་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱིས་ད་གཟོད་ཀྲུང་གོ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ན་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པའི་ལོ་རྒྱུས་ཀྱི་བདེན་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རང་ལུགས་ཀྱི་གདེང་ཚོད་དང་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་དང་རིག་གནས་ཀྱི་གདེང་ཚོད་འཕེལ་བར་བྱས་ཏེ། ཕུགས་བསམ་རྒྱང་རིང་བོར་འཛིན་པ་དང་ཉམས་སད་ཐེག་པའི་འཇོན་ནུས་སྦྱོང་བ། འགན་འཁྲི་འཁུར་ཕོད་པའི་སྤྱོད་ལམ་བཟུང་ནས་སྤྱི་ཚོགས་རང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་བསྐྲུན་བྱེད་པར་གྲ་སྒྲིག་བྱེད་དགོས།