​ཞི་ཅིན་ཕིང་གིས་དབྱི་སི་རལ་ནས་རྡོག་བརྫིས་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་དབྱི་སི་རལ་གྱི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཟླ་ལྔ་བའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་སི་རལ་ནས་རྡོག་བརྫིས་དོན་རྐྱེན་ཚབས་ཆེན་བྱུང་སྟེ། མི་སྣར་ཤི་རྨས་ཚབས་ཆེན་བཟོས་པའི་ཐད་ནས་དབྱི་སི་རལ་གྱི་ཙུང་ཐུང་རོས་ཧྥུའུ་ལིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། འདས་པོར་མྱ་ངན་ཞུས་པ་དང་འདས་པོའི་ཁྱིམ་མི་དང་རྨས་མར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས།