ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་ཚོགས་གཙོ་གཞོན་པ་མཱ་ཅི་ཞའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ཁོང་ཡུང་གིས་མགོ་འཛིན་བྱས།

ཚོགས་ཐོག་ནས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་གྲོས་ཚོགས་དང་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་བྱ་བའི་ཐད་བཏོན་པའི་བླང་བྱ་དང་མང་ཚོགས་ཚོགས་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི2020ལོའི་བྱ་བའི་སྙན་ཞུ་སོགས་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་མཚན་འཛིན་ཚོགས་གཙོ་ལ་གདན་ཞུ་བྱས་པ་དང་། ལས་འཛིན་དང་རྒྱུན་ལས་ལས་འཛིན་སྐོར་ཞིག་བརྗེ་སྤོར་བྱས་ལ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་རིགས་མི་འདྲ་བའི་བྱ་དགའ་སྣ་ཚོགས་ཐོབ་པའི་ཕུལ་བྱུང་དཔེ་མཚོན་ལ་བྱ་དགའ་བྱིན།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པ་རྩ་འཛུགས་ཀྱིས་ནམ་ཡང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་གཅིག་གྱུར་མཐོན་པོ་བྱེད་དགོས། རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་། དམངས་ཚིས་འགན་སྲུང་ལ་ཞབས་འདེགས་ཞུ་བའི་སྟེང་ཤུགས་འདོན་པ་དང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྟེང་བསམ་གཞིགས་གཏོང་དགོས། སྐྱོབ་པ་གསུམ་དང་འབུལ་བ་གསུམ། རྒྱ་གྲམ་དམར་པོའི་རོགས་སྐྱོར་སོགས་ཚོང་རྟགས་ལས་གཞི་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་སྤྱི་རྟོན་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། རྒྱ་གྲམ་དམར་པོའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཏང་གི་མང་ཚོགས་ལམ་ཕྱོགས་ཐད་ནས་དུས་རབས་གསར་བའི་གཟི་འོད་འཚེར་བར་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རྒྱ་གྲམ་དམར་པོས་ནམ་ཡང་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་གནས་ཚུལ་ཧྲིལ་བོར་དམིགས་ནས་བསམ་གཞིགས་གཏོང་བ་དང་འཆར་འགོད་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། གཙོ་འགན་གཙོ་ལས་ལ་དམིགས་པ། ཤུགས་འདོན་ས་འཚོལ་བ། མི་གཞུང་གི་དམིགས་འབེན་རྒྱུན་འཛིན་བྱེད་པ། མི་གཞུང་གི་འགན་འཁྲི་ལག་བསྟར་བྱེད་པ། རྒྱ་གྲམ་དམར་པོའི་ཁྱད་འཕགས་དགེ་མཚན་མངོན་པར་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་སྲུང་སྐྱོབ་པ་བྱེད་པ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་ཉེ་མི་བྱས་ཏེ། རྒྱ་གྲམ་དམར་པོའི་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།