ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐུལ་སློང་བཀོད་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

ཟླ་བཞི་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་སྐུལ་སློང་བཀོད་སྒྲིག་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་གྲོས་ཚོགས་དང་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། སྨན་བཅོས་འགན་སྲུང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གཙོ་བོ་དང་། མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོ་དང་སྐུལ་འདེད་ཆེན་པོའི་འོག རང་ཞིང་གི་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ན་ཡང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་བདེ་སྐྱིད་ཐད་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་དྲག་ཏུ་སོང་བར་བསྟུན་ནས། སྨན་བཅོས་འགན་སྲུང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་རིམ་བཞིན་ཕྱིར་མངོན་པས། ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་སྲུང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བཏང་སྟེ། མང་ཚོགས་ཀྱི་ནད་རིགས་སྨན་བཅོས་ཐད་ཀྱི་སེམས་ཁྲལ་ཐག་གཅོད་དགོས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་དེ་སྤྱི་ཡོངས་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་སྨན་བཅོས་ལམ་ལུགས་མ་ལག་འཛུགས་པ་དང་། ཐོབ་ཐང་འགན་སྲུང་དང་མ་དངུལ་གྲབས་གསོག་འཁོར་སྐྱོད། སྨན་བཅོས་འགན་སྲུང་རོགས་དངུལ་སྟེར་བ། མ་དངུལ་ལྟ་སྐུལ་དོ་དམ་བཅས་རྐྱེན་སྲོལ་བཞི་འཐུས་ཚང་དུ་གཏོང་བ། མཉམ་ལས་སྒོས་གསོ་རིག་སྨན་རྫས་ཞབས་ཞུའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དང་སྨན་བཅོས་འགན་སྲུང་གི་སྤྱི་ཐུན་དོ་དམ་ཞབས་ཞུ་ལེགས་བསྒྱུར་བྱེད་པའི་ལས་འགན་གཙོ་བོ་གཉིས་ལག་བསྟར་བྱེད་པ། ཁག་ཁུར་འདུ་ཤེས་དང་ཉེན་ཁ་འདུ་ཤེས། མཉམ་ལས་འདུ་ཤེས། ནུས་པའི་འདུ་ཤེས་དང་སྲིད་གཙང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་སྨན་བཅོས་འགན་སྲུང་དང་སྨན་བཅོས་ཞབས་ཞུ་སྤུས་ཚད་མཐོན་པོས་མཉམ་དུ་འཕེལ་རྒྱས་སུ་བཏང་ནས། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་གྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་པ་དང་། སྨན་བཅོས་འགན་སྲུང་ལས་དོན་གྱི་ལེའུ་གསར་བ་འབྲི་དགོས་ཟེར།