ཉེན་རྟོག་རམ་འདེགས་མི་སྣ་བསྡུ་བའི་བརྡ་ཐོ།

རང་རེའི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི《ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཉེན་རྟོག་རམ་འདེགས་མི་སྣའི་དོ་དམ་བྱེད་ཐབས(ཚོད་ལྟ)》དང《མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ཉེན་རྟོག་རམ་འདེགས་མི་སྣའི་དོ་དམ་བྱ་བའི་ལག་བསྟར་ཞིབ་ཕྲའི་སྲོལ་ཡིག》གཞིར་བཟུང་སྟེ། ཟི་ལིང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ཡིས2021ལོར་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ཉེན་རྟོག་རམ་འདེགས་མི་སྣ42བསྡུ་བའི་འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག ཉེན་རྟོག་རམ་འདེགས་མི་སྣ་བསྡུ་བའི་མི་གྲངས།

ཁྱོན་ཉེན་རྟོག་རམ་འདེགས་མི་སྣ42བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་ཞི་དོན་མི་སྣ16དང་གཞུང་དོན་མི་སྣ26བསྡུ་རྒྱུ་རེད།

གཉིས། ཆ་རྐྱེན།

1.རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས།

2.སྐྱེས་ཁོངས་མཚོ་སྔོན་ཞིང་ཆེན་ནས་ཡིན་པ་དང་རང་རེའི་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའམ་མཚོ་སྔོན་གྱི་ཁྱིམ་ཐོ་ཡོད་དགོས། ཆ་རྐྱེན་ཚང་བའི་རུ་འཁྱུར་དམག་མིས་མིང་ཐོ་དགོད་ཚེ། མཚོ་སྔོན་གྱི་ཁྱིམ་ཐོ་ཡོད་པའམ་མཚོ་སྔོན་ནས་དམག་ལ་ཞུགས་པའི་ཆ་རྐྱེན་གཉིས་ལས་གང་རུང་ཡོད་དགོས།

3.ལོ18ནས35མན་ཡིན་དགོས། (1985.5.10.—2003.5.10)

4.རྒྱལ་དམངས་སློབ་གསོའི་ཆེད་སྦྱོང་ཡན་གྱི་བསླབ་གནས་ལྡན་དགོས་ཤིང་། རུ་འཁྱུར་དམག་མི་ཡིན་ཚེ་མཐོ་འབྲིང་ཡན་གྱི་བསླབ་གནས་ལྡན་དགོས།

5.ལུས་ཕུང་བདེ་ཐང་དང་བྱ་བའི་ནུས་པ་ལྡན་དགོས།

6.སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་ཀྱང་ཚང་དགོས།

གསུམ། མིང་ཐོ་འགོད་སྟངས།

1.ཐེངས་འདིར་དྲ་ཐོག་ནས་མིང་ཐོ་འགོད་པ(མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་དྲ་ཚིགས)དང་ཐོབ་ཐང་ཞིབ་བཤེར། གྲོན་དངུལ་སྤྲོད་པ། རྒྱུགས་ལེན་འཛིན་ཡིག་ཕབ་ལེན་བཅས་བྱ་དགོས།

2.མིང་ཐོ་འགོད་པའི་དུས་ཚོད། 2021ལོའི་ཟླ5པའི་ཚེས10ནས14བར།

3.ཐོབ་ཐང་ཞིབ་བཤེར་དུས་ཚོད།2021ལོའི་ཟླ5པའི་ཚེས10ནས16བར།

4.གྲོན་དངུལ་སྤྲོད་པའི་དུས་ཚོད། 2021ལོའི་ཟླ5པའི་ཚེས10ནས16བར།

5.མིང་ཐོ་ལེགས་སྒྲིག་བྱེད་པའི་དུས་ཚོད། 2021ལོའི་ཟླ5པའི་ཚེས17ཉིན།

6.ཡིག་རྒྱུགས་ལེན་པའི་དུས་ཚོད། 2021ལོའི་ཟླ6པའི་ཚེས5ཉིན། ཞིབ་ཕྲའི་དུས་ཚོད་རྒྱུགས་སྤྲོད་འཛིན་ཡིག་སྟེང་གསལ།

བཞི། སྐར་མ་སྣོན་པའི་སྲིད་ཇུས།

1.སྤྱི་བདེའི་སྔོན་གཤེགས་དཔའ་བོ་དང་གཞུང་དོན་དུ་རང་སྲོག་ཤོར་བའི་སྤྱི་བདེའི་མི་དམངས་ཉེན་རྟོག་པའི་ཁྲོད་ཆ་རྐྱེན་དང་མཐུན་པའི་བཟའ་ཟླ་དང་བུ་ཕྲུག སྤྱི་བདེའི་མི་དམངས་ཉེན་རྟོག་པའི་བཟའ་ཟླ་དང་བུ་ཕྲུག གྲོང་ཁྱེར་རིམ་པ་ཡན་གྱི་བདེན་དོན་དཔའ་བོ་དང་མི་སྒེར་གྱི་ཡིག་ཐོག་རྒྱུགས་འབྲས་སྔོན་ཐོན་ཅན་བཅས་ལ་སྐར་མ5བསྣན་ཆོག

2.རྩིས་འཁོར་མཉེན་ཆས་དང་གསོ་རིག་རིག་པའི་རིགས། གསར་འགྱུར་རྒྱང་སྒྲོག དྲ་རྒྱ་ཁྱབ་གདལ། སྨྱན་སྦྱོར་དྲིལ་སྒྲོག ལུས་རྩལ་རིགས། སེམས་ཁམས་རིག་པ་དང་སློབ་གསོ་རིག་པ་སོགས་འབྲེལ་ཡོད་རྩལ་ནུས་ཅན་དང་ཉམས་མྱོང་ཅན། དེ་མིན་འབྲེལ་ཡོད་ཐོབ་ཐང་དཔང་ཡིག་ཡོད་པའི་རྒྱུགས་ཞུགས་སློབ་མ་བཅས་ལ་སྐར་མ5བསྣན་ཆོག

3.རུ་འཁྱུར་དམག་མིའམ་ཉེན་རྟོག་པའི་རིགས། ཡང་ན་སྲིད་ཁྲིམས་རིགས་ཀྱི་སློབ་གྲྭའི་མཐར་ཕྱིན་སློབ་མར་སྐར་མ3བསྣན་ཆོག

4.སྐར་སྣོན་ཆ་རྐྱེན་དང་མཐུན་པའི་རྒྱུགས་ཞུགས་སློབ་མས་ཟླ5པའི་ཚེས18དང19ཉིན་ལ་ཁྱིམ་ཐོ་དང་ཉེན་རྟོག་པའི་དཔང་ཡིག གཉེན་སྒྲིག་དཔང་ཡིག དམག་ཁོངས་ནས་བུད་པའི་དཔང་ཡིག་དང་གཟི་བརྗིད་དཔང་ཡིག་བཅས་ཀྱི་མ་ཡིག་དང་བསྐྱར་དཔར་ཁྱེར་ནས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ལ་སོང་ནས་ཡུལ་དངོས་ནས་སྐར་མ་སྣོན་དགོས། སྐར་སྣོན་གྱི་དུས་ཡོལ་ཚེ་རང་འགུལ་སྒོས་སྐར་སྣོན་ཐོབ་ཐང་ཤོར་དུ་བཅུག་པའི་གྲས་སུ་འཇོག་རྒྱུ།

ལྔ། བློ་འདྲི་ཁ་པར།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ། 0971-5562829 (西宁市城北区生物园经二路北段23号)

ལྟ་རྟོག་ཁ་པར།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ། 0971-8256440

ལོ་ཙཱ་པ། ལྷ་ཆེན་རྒྱལ།