རང་ཞིང་གིས་དམར་པོའི་ཡུལ་སྐོར་ལམ་ཐིག10གསར་སྐྲུན་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དམར་པོའི་ཡུལ་སྐོར་ལམ་ཐིག10ལ་སྐུལ་འདེད་བཏང་སྟེ་དམར་པོའི་ཡུལ་སྐོར་བརྗོད་དོན་འགྲེམས་སྟོན་སྤེལ་འགོ་བརྩམས་པ་དང་། དམར་པོའི་ཡུལ་སྐོར་བྱ་འགུལ་རབས་དང་རིམ་པ་མང་པོ་སྤེལ་ནས། དམར་པོའི་ཡུལ་སྐོར་དེ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཉེ་ལམ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་དམར་པོའི་ཡུལ་སྐོར་བྱ་བ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ནུས་ཤུགས་གང་ཡོད་སྒོས་རང་ཞིང་གི་དམར་པོའི་ཡུལ་སྐོར་བྱ་བ་མངོན་འགྱུར་བྱེད་པར་ཐོལ་རྒལ་གྱི་གྲུབ་འབྲས་གསར་པ་བླངས།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཞིང་ཆེན་ཧྲིལ་བོར་དམར་པོའི་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་བྱ་བ་སྤེལ། ཏང་བཙུགས་ནས་ལོ་བརྒྱ་ལོན་པ་དང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་དེ་གོ་སྐབས་སུ་བཟུང་ནས། ས་ཁུལ་སོ་སོའི་ཤེས་རིག་ཡུལ་སྐོར་སྡེ་ཁག་དག་གིས་ས་གནས་ཀྱི་དམར་པོའི་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་བྱ་རྒྱུ་རྩ་འཛུགས་བྱས། དེའི་ཁོངས་སུ་རིགས་དབྱེ་དང་ཁྱབ་ཁོངས། སྲུང་སྐྱོབ། བེད་སྤྱོད་བཅས་འདུའོ། །དམར་པོའི་ཡུལ་སྐོར་ཐོན་ཁུངས་ཀྱི་རྨང་གཞི་ལ་ཁྱོན་ཡོངས་ནས་རྩད་གཅོད་བྱས་ཏེ་དམར་པོའི་ཡུལ་སྐོར་ཐོན་ཁུངས་ཀྱི་དཀར་ཆག་གསར་འཛུགས་ངང་དམར་པོའི་ཡུལ་སྐོར་སྐུལ་འདེད་མཁོ་འདོན་ཐད་ལ་ཐོན་ཁུངས་ཀྱི་རྒྱབ་སྐྱོར་བྱས་ཡོད།

མི་འགྱངས་བར་དམར་པོའི་ཡུལ་སྐོར་ལམ་ཐིག་སྐོར་ཞིག་དར་སྤེལ་བཏང་སྟེ། དམར་པོའི་ཡུལ་སྐོར་དཔེར་མཚོན་ལྗོངས་ཁུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སོགས་ཐོན་ཁུངས་ལ་བརྟེན་ནས། དམར་པོའི་རིག་གནས་བརྗོད་དོན་ཡིན་པ་དང་མི་རིགས་མཐུན་སྒྲིལ་མཉམ་བསྲེས། དབུལ་ཐར་མཁྲེགས་གཏོར། གྲོང་གསེབ་དར་རྒྱས་སོགས་སྙིང་པོར་བྱས་པའི་དམར་པོའི་ཡུལ་སྐོར་ལམ་ཐིག10སྤེལ་ནས། དམར་པོའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར། རིག་གཞུང་ཞིབ་འཇུག་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་སོགས་ལ་སྐྱེ་ལྡན་ཟུང་འབྲེལ་གྱིས་དམར་པོའི་སྙིང་སྟོབས་ཀྱི་གོ་དོན་སྔོག་འདོན་གཏིང་ཟབ་སྒོས་དམར་པོའི་རིག་གནས་དར་སྤེལ་ཁྱབ་རྒྱ་བསྐྱེད་དེ། དམར་པོའི་ཡུལ་སྐོར་གྱི་ཆབ་སྲིད་ཁེ་ཕན་དང་སྤྱི་ཚོགས་ཁེ་ཕན་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད།

“བདུན་གཅིག”གི་ཡར་སྔོན་དུ་རང་ཞིང་གིས་ལོ་བརྒྱའི་འབད་བརྩོན་གྱིས་ལམ་བུ་གསར་པ་དང་འགན་འཁྲི་གསར་པ་བརྗོད་དོན་དུ་བཟུང་ཞིང་། ཞིང་ཆེན་དཔེ་མཛོད་ཁང་གིས་དུས་ཡུན་གཟའ་འཁོར་གཅིག་གི་རིང་ལ། ཞིང་ཆེན་ཡོངས་སུ་དམར་པོའི་ཡུལ་སྐོར་བརྗོད་དོན་འགྲེམས་སྤེལ་བྱས་ཏེ། རང་ཞིང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་དམར་པོའི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྤེལ་འཐུས་ཚང་གིས་དམར་པོའི་ཡུལ་སྐོར་དྲིལ་སྒྲོག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་མངོན་ཡོད་ལ། མཚོ་སྔོན་རྡུལ་ཕྲན་མཁར་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞིའི་རྗེས་དྲན་ཁང་རྩ་འཛུགས་དང་། ཡུལ་ཤུལ་རྒུད་སྐྱོབས་གནོད་སེལ་རྗེས་དྲན་ཁང་གི་ཕུལ་བྱུང་འགྲེལ་བཤད་པ་རྩ་འཛུགས་ཀྱིས་སྒྲོག་འགྲེལ་ཚན་ཆུང་བཙུགས། ཏང་སྲིད་ལས་ཁུངས་དང་སློབ་གྲྭ། དམག་དཔུང་། ཁེ་ལས་སོགས་ལ་སྒྲོག་འགྲེལ་བྱས་ཤིང་། དམར་པོའི་རིག་གནས་ལ་གསོན་ཤུགས་གསར་པ་ཞིག་བསྣན།

དེ་མིན། ད་རུང་དམར་པོའི་ཡུལ་སྐོར་གྱི་དཔེར་མཚོན་ལྗོངས་ཁུལ་ལ་དཔྱད་འཇོག་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཞིང་། དམར་པོའི་ཡུལ་སྐོར་གཙོ་བོར་བྱས་པའི་ནང་དོན་སྐོར་ཞིག་ངོས་འཛིན་ཁྱབ་བསྒྲགས་བྱས་ཏེ། ཁྱོན་ཡོངས་ནས་དམར་པོའི་རིག་གནས་འགྲེམས་སྤེལ་སྒོས་དམར་པོའི་སློབ་གསོར་དོན་སྙིང་ལྡན་དུ་བཅུག དེ་མིན་འབྲེལ་ཡོད་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་དང་ཡུལ་སྐོར་ཞབས་ཞུའི་ཡུལ་སྐོར་ལྗོངས་ཁུལ་ཐད་ལ་རྨང་གཞིའི་སྒྲིག་མཁོ་སྤྲོད་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།